101040

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྲུལ་པ་རྣམ་པ་བརྒྱད་ (1)
Part of speech མིང་ཚིག
Definition མདོ། མངོན་པ། འདོད་རྟེན་གྱི་སྤྲུལ་པ་བཞི་དང་། གཟུགས་རྟེན་གྱི་སྤྲུལ་པ་བཞི་སྟེ་བརྒྱད་ཡིན་ཏེ། མཆིམས་མཛོད་ལས། དེ་ལྟར་ན་འདོད་པའི་རྟེན་ཅན་གྱི་(འདོད་པ་དང་གཟུགས་ཀྱི་གཉིས་གཉིས་ཏེ། )སྤྲུལ་པ་རྣམ་པ་བཞི་ཡིན་ནོ། །དེ་བཞིན་དུ་གཉིས་པ་རྟེན་གཟུགས་ཁམས་པས་ཀྱང་རང་ས་དང་འདོད་པའི་སྐྱེ་མཆེད་གཉིས་དང་བཞི་སྤྲུལ་ཞིང་དེ་གཉིས་ཀ་རེ་རེ་ཞིང་བདག་གཞན་གྱི་ལུས་དང་འབྲེལ་བར་སྤྲུལ་པས་སྤྱིར་སྤྲུལ་པ་ནི་རྣམ་པ་བརྒྱད་ཡིན་ནོ། །ཞེས་གསུངས།
Domain ཆོས་ལུགས།