101059

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྲུལ་པའི་སྐུ་ (1)
Part of speech མིང་ཚིག
Definition མདོ། སངས་རྒྱས་ཀྱི་སྐུའི་བྱེ་བྲག་ཅིག་སྟེ། ལོངས་སྐུའི་བདག་རྐྱེན་ལས་བྱུང་བའི་དག་མ་དག་གི་གདུལ་བྱ་རྣམས་ལ་སྣང་ཞིང་དེ་དག་གི་དོན་མཛད་པར་བསམ་བཞིན་སྲིད་པར་བཟུང་བའི་གཟུགས་སྐུའོ། །
Domain ཆོས་ལུགས།

{{#arraymap:སྤྲུལ་པའི་སྐུ་

|; |@@@ | | }}

སྤྲུལ་པའི་སྐུ་ (2)
Part of speech མིང་ཚིག
Definition མཛད་རྗེས་དང་སྙན་གྲགས་ཆེ་བའི་བླ་མ་དག་གི་ཡང་སྲིད་ལ་ཞུ་བའི་གོ་མིང་ཞིག

{{#arraymap:སྤྲུལ་པའི་སྐུ་

|; |@@@ | | }}

སྤྲུལ་པའི་སྐུ་ (3)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག སྤྲུལ་པའི་སྐུ་ནི། དཔལ་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་པ་ལས། སྤྲུལ་པའི་སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུ་དེ་ལས་བྱུང་བ་སྟེ། བསམ་གྱིས་མི་ཁྱབ་པ་ཐམས་ཅད་སྐུ་གསུང་ཐུགས་སྣ་ཚོགས་པ་ཀུན་ཏུ་སྣང་བ་ཞེས་བྱ་བ་ལ་སོགས་པའོ། །ཞེས་དང་། སྤྲུལ་པའི་སྐུ་ནི་སངས་རྒྱས་ཐམས་ཅད་དང་སྤྱོད་པར་ཚུལ་གཅིག་གོ ། ཞེས་དང་། ཕྱོགས་བཅུའི་མུན་སེལ་ལས། སྤྲུལ་པའི་སྐུ་ནི་གང་ལ་གང་འདུལ་དུ་སྟོན་པ་སྟེ། སྤྲུལ་པ་བྱེ་བ་བསམ་མི་ཁྱབ། ཅེས་སོ། །ཞེས་གསུངས།

{{#arraymap:སྤྲུལ་པའི་སྐུ་

|; |@@@ | | }}