101083

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྲུལ་སྐུ་ཤེས་རབ་སེངྒེ་ (1)
Part of speech མིང་ཚིག
Definition སྤྲུལ་སྐུ་ཤེས་རབ་སེངྒེ་མཆོག་ནི། བློ་གྲོས་སེངྒེ་ལ་སྲས་གཉིས་བྱུང་བའི་ཆུང་བ་དང༌། ཡུམ་ནི་འགྲོ་སྒོམ་གྱི་རྒྱུུད་པ་སྲས་མོ་བསོད་ནམས་འདྲེན་བྱ་བའི་སྲས་སུ། རབ་བྱུང་དྲུག་པའི་ལྕགས་ཕག་ ༡༣༧༡ ལོར་འཁྲུངས། ཡབ་ལས་སྐུ་གཞོན་ནུ་ནས་གདམས་ངག་རྫོགས། རྒྱུད་ལ་སྦྱངས་པ་མཛད། མཁན་ཆེན་རྡོར་རིན་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྐུ་ཆོས་ཉི་ཟེར་ལ་འགེལ་བ་སོགས་ངོ་མཚར་སྣ་ཚོགས་བསྟན། ཉི་ཤུ་ལ་ཡབ་གཤེགས། གདན་སར་ཕེབས་ཏེ་ཆོས་འཁོར་བསྐོར་བཞིན་པར་དགུང་ལོ་ཉེར་གཉིས་པ་ཆུ་སྤྲེལ་ ༡༣༩༢ ལོའི་དབྱར་ཟླ་འབྲིང་པོའི་ཚེས་བཅུ་བདུན་ལ་གཤེགས་སོ། །