101085
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། རང་རྒྱུད་པ། ལོངས་སྐུའི་བདག་རྐྱེན་ལས་བྱུང་བའི་སྤྲུལ་སྐུ་དེ་ལ་བཟོ་བོ་སྤྲུལ་སྐུ་དང་། སྐྱེ་བ་སྤྲུལ་སྐུ་དང། མཆོག་གི་སྤྲུལ་སྐུ་རྣམས་ལ་བརྗོད་པ་ཡིན་ལ། དེ་དག་གི་ངོ་ནི་སོ་སོའི་མ་ཚིག་ཏུ་གསལ་བས་དེར་གཟིགས་རོགས། དེ་ལྟར་ཡང་པཎ་ཆེན་གྱི་ཕར་ཕྱིན་སྤྱི་དོན་ལས། སྤྲུལ་སྐུ་ལ་དབྱེ་ན་གསུམ་ཡོད་དེ། བཟོ་བོ་སྤྲུལ་སྐུ། སྐྱེ་བ་སྤྲུལ་སྐུ། མཆོག་གི་སྤྲུལ་སྐུ་གསུམ་ཡོད་པའི་ཕྱིར། ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |