101175

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྲོས་པ་ (1)
Part of speech མིང་ཚིག
Definition རྒྱ་ཆེ་རུའམ་རྒྱས་པར་བྱེད་པའི་དོན་གྱི་བྱ་མིང།
Example མཛད་འཕྲིན་སྤྲོས་པ། གཏམ་བཤད་སྤྲོས་པ་ལྟ་བུ།
སྤྲོས་པ་ (2)
Part of speech མིང་ཚིག
Definition མདོ། མཚན་མར་འཛིན་པའམ་ཞེན་པའི་དོན།
Example སྤྲོས་པའི་མཚན་མ་དང་བྲལ་བ་ལྟ་བུ།
Domain ཆོས་ལུགས།
སྤྲོས་པ་ (3)
Part of speech མིང་ཚིག
Definition སྤྲོས་པ་ཞེས་པ་བདེན་པའི་དངོས་པོའམ་མ་ཡིན་དགག་ཁོ་ན་མ་ཡིན་གྱི་གང་ལ་བློ་འཇུག་ཅིང་འཕྲོ་བ་དགག་སྒྲུབ་ཀྱི་ཆོས་ཀྱི་མཚན་མ་ཐམས་ཅད་ཡིན་ཏེ་མདོ་ལས་གཟུགས་སྟོང་ཞེས་བྱ་བར་མི་སྤྲོ་བ་འཕྲོ་བར་མི་བྱེད་དོ་ཞེས་སོགས་དང་། ཇི་ཙམ་དུ་སེམས་འཇུག་པ་དེ་ཙམ་དུ་སྤྲོས་པ་ལགས་སོ་ཞེས་གསུངས་སོ་ཞེས་ཀུན་མཁྱེན་གོ་རམས་པའི་དབུ་མའི་སྤྱི་དོན་ལས་སོ། དཔེར་ན་སྤྲོས་པའི་མཚན་མ་ཐམས་ཅད་ནུབ་པ་ཞེས་པ་ལྟ་བུ།
སྤྲོས་པ་ (4)
Part of speech མིང་ཚིག
Definition ལས་ཀའམ་ལས་འགན་གྱི་དོན་དུ་བཤད།
Type བརྡ་རྙིང་།