101180
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དཀོན་བརྩེགས་འཕགས་པ་ལྷག་པའི་བསམ་པའི་བསྐུལ་བའི་མདོ་ལས་བྱུང་བ་སྟེ། ༡ བྱང་ཆུབ་སེམས་དཔའ་སྤྲོས་པ་ལ་དགའ་བ་ཚེ་འདི་ཉིད་ལ་སྡུག་བསྔལ་བ་དང་ཡིད་མི་བདེ་བ་མང་བར་འགྱུར་བ། ༢ བཟོད་པ་ལས་ཡོངས་སུ་ཉམས་པར་འགྱུར་བ། ༣ དེའི་མི་མཛའ་བ་རྣམས་ཡི་རང་བར་འགྱུར་བ། ༤ དེ་ལ་བདུད་ཀྱང་མགུ་བར་འགྱུར་བ། ༥ དེ་ལ་བདུད་ཀྱི་འཁོར་དག་ཀྱང་དགའ་བར་འགྱུར་བ། ༦ དེའི་དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེ་བར་མི་འགྱུར་བ། ༧ སྐྱེས་པ་རྣམས་མེད་པར་འགྱུར་བ། ༨ འཐབ་པ་དང་འཁོན་དུ་འཛིན་པ་དང་འགྱེད་པ་མང་བར་འགྱུར་བ། ༩ འཐབ་པ་དང་རྩོད་པ་དང་འགྱེད་པས་ངན་སོང་དུ་འགྲོ་བར་འགྱུར་བའི་ལས་མངོན་པར་འདུ་བྱེད་པར་འགྱུར་བ། ༡༠ བག་མེད་པར་འགྱུར་བའི་ལམ་རབ་ཏུ་འཛིན་པར་འགྱུར་བ། ༡༡ དེའི་ལྕེའི་དབང་པོ་རྩུབ་པར་འགྱུར་བ། ༡༢ དེའི་ལུང་མནོས་པའི་ཆོས་རྣམས་ལེགས་པར་གནས་པར་མི་འགྱུར་བ། ༡༣ མདོ་སྡེ་ལུང་མ་མནོས་པ་རྣམས་རྣ་ལམ་དུ་གྲག་པར་མི་འགྱུར་བ། ༡༤ དགེ་བའི་བཤེས་གཉེན་ཐམས་ཅད་ཀྱི་ཡོངས་སུ་སྤང་བར་འགྱུར་བ། ༡༥ སྡིག་པའི་གྲོགས་པོ་རྣམས་དང་མྱུར་དུ་ཕྲད་པར་འགྱུར་བ། ༡༦ དཀའ་བའི་ལམ་གྱིས་ངེས་པར་འབྱུང་བར་འགྱུར་བ། ༡༧ རྒྱུན་མི་ཆད་པར་ཡིད་དུ་མི་འོང་བའི་ཚིག་ཐོས་པར་འགྱུར་བ། ༡༨ གང་དང་གང་དུ་སྐྱེས་པ་དེ་དང་དེར་ཐེ་ཚོམ་དུ་འགྱུར་བ། ༡༩ དེ་ལ་མི་ཁོམ་པ་བརྒྱད་པོ་དེ་དག་ཉེ་བར་འགྱུར་བ། ༢༠ རྟག་ཏུ་དེའི་དཀར་པོའི་ཕྱོགས་ལ་བརྩོན་པ་ལ་བར་ཆད་དུ་འབྱུང་བར་འགྱུར་བ་བཅས་སོ། ། |
| Domain | ཆོས་ལུགས། |