101312
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཇོ་ནང་། སྦས་དོན་ཀྱི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་ཉེར་དྲུག་པ་ཡིན། བརྗོད་བྱ། རྒྱ་བོད་པཎ་གྲུབ་དུ་མའི་མདོ་རྒྱུད་སོ་སོའི་ལམ་ཉམས་སུ་ལེན་ཚུལ་རྣམས་མདོར་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། རྡོ་རྗེ་སེམས་དཔའ་རྡོ་རྗེའི་རྣལ་འབྱོར་མ། །རྒྱ་བོད་རྣམ་མང་མཁས་གྲུབ་མ་ལུས་བའི། །ལུང་རྟོགས་བཅུད་འདུས་འཇིགས་བྲལ་གསང་བ་སྦྱིན། །ཤངས་པ་རས་ཆེན་བསོད་ནམས་མཆོག་གྱུར་དང་། །ཟལ་མོ་བྲག་པ་གྲགས་པ་ཡེ་ཤེས་ཞབས། །སོགས། ་དང་། རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། །སྒྲོལ་བའི་མགོན་པོ་རྗེ་བཙུན་འཕྲིན་ལས་དབང་། །རིན་ཆེན་རྒྱ་མཚོ་སྙིང་པོ་མཐའ་ཡས་དང་། །ཀུན་བཟང་དབང་པོ་རྣམས་ལ་གསོལ་བ་འདེབས། །ཆོས་དབྱིངས་ཆོས་འབྱོར་མཐུ་སྟོབས་དཔའ་བཟང་དང་། །ལྕགས་ཟམ་སྤྲུལ་སྐུ་བསྟན་སྐྱོང་མཁྱེན་བརྩེའི་དབང་། །ཡོན་ཏན་རྒྱ་མཚོ་འཁོར་ལོ་བདེ་ཆེན་མཚན། །སྟོབས་ལྡན་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །ཚེ་ནོར་ཆོས་འབྱོར་ཀརྨ་འགྱུར་མེད་དང་། །ཚེ་དབང་པད་སྤྲུལ་བློ་གྲོས་མཐའ་ཡས་དང་། །ངག་དབང་བློ་གྲོས་བདེ་ཆེན་རྡོ་རྗེ་དང་། །བློ་བཟང་ཕྱོགས་གླང་རྣམས་ལ་གསོལ་བ་འདེབས། །མཁྱེན་རབ་རྒྱ་མཚོ་བློ་གྲོས་རྣམ་པར་རྒྱལ། །ཡོན་ཏན་བཟང་པོ་མཁན་ཆེན་ཤེས་རབ་གསལ། །ཐུགས་རྗེ་དཔལ་བཟང་པདྨ་རྣམ་པར་རྒྱལ། །འཇིགས་མེད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། རང་གི་རྒྱས་འགྲེལ་ལས་བཏུས་སོ། །ཞེས་འབྱུང་ངོ་། ། |
| Domain | ཆོས་ལུགས། |