101359

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦུངས་ (1)
Part of speech མིང་ཚིག
Definition སྟོབས་ཤུགས་སམ་ནུས་ཤུགས་ཀྱི་མིང་སྟེ། བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག་ལས། སྦུངས་ཞེས་པ་ནི་སྟོབས་ཀྱི་མིང༌ཞེས་གསུངས་པ།
Type བརྡ་རྙིང་།
སྦུངས་ (2)
Part of speech མིང་ཚིག
Definition བརྩོན་པའི་མིང་སྟེ། འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད་ལས། སྦུངས་ནི་སྟོབས་དང་བརྩོན་པའི་མིང་ངོ༌ཞེས་གསུངས།
སྦུངས་ (3)
Part of speech མིང་ཚིག
Definition དམ་བཅའ་དང་ལུས་མི་ཞན་པའི་དོན་ཏེ། བརྡ་ཡིག་བློ་གསལ་མགྲིན་རྒྱན་ལས། སྦུངས་ནི་དམ་བཅའ་དང་ལུས་མི་ཞན་པ་ཞེས་པའི་དོན་ནོ་ཞེས་གསུངས།