101412

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦུར་ལེན་ (1)
Part of speech མིང་ཚིག
Definition སྤོས་ཤེལ། ཐང་ཆུའི་རིགས་ཀྱི་འགྱུར་རྡོ་འཇམ་པོ་ཞིག་སྟེ། རྩྭའི་སྦུར་མ་ལེན་པས་སྦུར་མ་ཟེར། འདི་མིག་གི་རབ་རིབ་ནད་ལ་ཕན། འདི་ལ་རིགས་གསུམ་སྟེ། མཆོག་ནི། ནི་མ་རི་པ་ཏ་ཞེས་པའི་རྡོ་དཀར་པོ་དང་། ན་རི་ཀེ་ལའི་ཆུ་དང་། མཚལ་དང་ཡུང་བ་རྣམས་ཆ་མཉམ་པར་བསྲེས་ནས་ཤེལ་སྣོད་དུ་ཞག་བདུན་ལྷག་པར་བཞག་པས། དེ་ཞོ་ལྟར་ཆགས་པ་དང་། སྤ་ལ་སོགས་པའི་སྣོད་དུ་ཡང་ཞག་བདུན་བསྙལ། དེ་རྗེས་དབྱིབས་གང་འདོད་འཆོས་པ་ཡིན་པར་བཤད། ན་རི་ཀ་ལའི་ཆུ་དང་མཚལ་བསྲེས་པའི་སྟོབས་ཀྱིས་སྤོས་དཀར་དྲི་བྲོ་བ་དེ་ལ་ཀ་པུར་ཡང་ཟེར། འདི་འདྲ་བ་རྡོ་ལས་རང་བྱུང་ཞིག་ཀྱང་ཡོང་། འདི་ལ་ལྷད་མེད་ཅིང་རྒྱུ་ནང་ཚན་འདྲེས་མ་འདྲེས་ཀྱིས་དབྱིབས་འདྲ་བའི་རི་མོ་དཀར་སེར་མཚམས་ཉམས་ཡོད་པ་སྔ་མ་དང་། འབྲིང་རྡོ་ལས་བྱུང་བ་དེ་ཕྱེད་ཕྱེད་སོགས་དཀར་སེར་གྱི་ཆ་ཡོད་ལ། ཟུར་དུ་རྡོ་རྩི་ཆགས་པ་ཕྱི་མ་ཡིན། འདི་གཉིས་མིག་ལ་ནན་གྱིས་བཏབ་པས་མིག་ཐུར་མ་མི་དགོས་པར་མིག་འདྲིབ་འབྱེད་པར། དེ་ལ་བོད་ཀྱིས་སྤོས་ཤེལ་སྤོས་སྙིང་དུ་འབོད། རིན་ཐང་དངུལ་བཞི་སྐོར་དགོས། དམན་པ་ནི། སྤོས་དཀར་ལ་གཞི་བྱས་ནས་རྫས་བྱས་པ། ཡུལ་ཋ་ཊ་ཁམ་པ་ཝ་ཏི་རྣམས་སུ་འཆོས་པ་ཁ་བལ་གྱིས་མང་དུ་ཁྱེར་ཡོང་བ་ཁ་དོག་འདྲ་མིན་དང་ཆ་ཆེ་ཆུང་སྣ་ཚོགས་འབྱུང་ལ། དྲི་མ་སྔ་མ་དང་ཕྱོགས་མཐུན་པ་ནི་ཚབ་རུང་ཙམ་མོ། །འདི་སྤོས་ཀྱི་རིགས་སུ་འགྲོ་བས་སྤོས་ཤེལ་དང་། ཕྱི་རྡར་བྱས་ནས་ངར་ན་རྩྭ་སྦུར་མ་སོགས་ལེན་པས་སྦུར་ལེན་ཟེར་རོ། །ཞེས་དྲི་མེད་ཤེལ་ཕྲེང་ལས་གསུངས་སོ། །