From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྦེད་པའི་ལྟུང་བྱེད་ (1)
| Part of speech
|
མིང་ཚིག
|
| Definition
|
འདུལ་བ་རྣམ་པར་འབྱེད་པའི་སྡེ་ཚན། འདུལ་བ་ཇ་པར་བཞུགས།
|
སྦེད་པའི་ལྟུང་བྱེད་ (2)
| Part of speech
|
མིང་ཚིག
|
| Definition
|
མདོ། འདུལ་བ། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་བཅུ་བདུན་སྡེའི་ཆོས་གོས་སྦས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་གཞན་ལ་གནོད་པ་དང་རང་མ་བྱིན་ལེན་གྱི་རྒྱུར་འགྲོ་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རབ་ཏུ་བྱུང་བ་འདི་པ་དབང་བའི་ཆོས་གོས་ལ་སོགས་པ་དགེ་སྦྱོང་གི་འཚོ་བའི་ཡོ་བྱད་སྦེད་དམ་སྦེད་དུ་བཅུག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་གི་སྦ་བའི་བདག་པོ་དང། གང་སྦ་བའི་དངོས་པོའོ། །དང་པོ་ལ་ལྔ་ལས། རབ་ཏུ་བྱུང་བ་སྡེ་ལྔ་ལས་གང་ཡང་རུང་བ་ཡིན་པ་སྟེ་ལུང་རྣམ་འབྱེད་ལས་གསུངས་སོ། །རང་རང་གི་སྡོམ་པ་དག་པ་སྟེ། དགེ་སློང་དང་དགེ་སློང་མ་བསྙེན་པར་རྫོགས་པ་ཅན་མ་ཉམས་པ་ཞེས་གསུངས་ཤིང་། དེའི་གནད་ཀྱིས་དགེ་ཚུལ་གྱི་སྡོམ་པ་དག་པ་ལ་སོགས་པ་ལ་ཡང་སྦྱར་རོ། །ལྟ་བ་མཐུན་པ་དང་། ཐ་སྙད་གསུམ་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་སྟེ། སྔར་བྱིན་འཕྲོག་གི་སྐབས་སུ་བཤད་པ་བཞིན་ནོ། །ཕ་རོལ་པོ་དེ་དགེ་སློང་ཡིན་ན་ནི། བདག་ལས་ཐ་དད་པ་ཡང་ཡན་ལག་ཏུ་སྦྱར་རོ། །གཉིས་པ་ལ་བཞི་ལས་ཆོས་གོས་དང་ལྷུང་བཟེད་ལྟ་བུ་དགེ་སྦྱོང་གི་འཚོ་བའི་ཡོ་བྱད་ཡིན་པ་སྟེ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་སྦེད་དམ་ཞེས་གསུངས་པས་སོ། །ཆུད་འཛའ་བའི་རྐྱེན་ཅན་མ་ཡིན་པ་སྟེ། ཕན་པར་འདོད་པ་ནི་མ་གཏོགས་ཞེས་གསུངས་པས་སོ། །རུང་བ་དང་ཚད་དང་ལྡན་པ་སྟེ་སྤྱིར་བསྟན་པ་ལས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དགར་སྦེད་པར་འདོད་པར་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་ངམ་བསྐོས་པས་མངོན་སུམ་དུ་སྦེད་པར་ཞུགས་པའོ། །མཐར་ཐུག་ནི་སྦ་བ་རྫོགས་པའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་གསུངས་སོ། ། པཎ་ཆེན་ངག་དབང་ཆོས་ཀྱིས། སྦེད་པའི་ལྟུང་བྱེད་ནི། རབ་ཏུ་བྱུང་བ་འདི་བར་དབང་བའི་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་ལ་སོགས་པ་དགེ་སློང་གི་འཚོ་བའི་ཡོ་བྱད་སྦེད་དམ་སྦེད་དུ་བཅུག་ནའོ། །ཞེས་དང་། ངོ་བོ་ནི། དགེ་སློང་གིས་ཡུལ་དགེ་སློང་གཞན་གྱི་ཆོས་གོས་དང་། ལྷུང་བཟེད་ལ་སོགས་པ་མཐོ་འཚམས་པའི་བསམ་པས་སྦེད་དམ་སྦེད་དུ་བཅུག་པའི་བཅས་པའི་ཁ་ན་མ་ཐོ་བའོ། །ཞེས་འདུལ་བའི་སྤྱི་དོན་ཐུབ་བསྟན་རྒྱས་པའི་ཉིན་བྱེད་ལས་གསུངས་སོ། །
|
| Domain
|
ཆོས་ལུགས།
|