101459

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦོམ་པོ་ (1)
Part of speech རྒྱན་ཚིག
Definition དབྱིབས་ཟླུམ་པོའི་རིགས་ཀྱི་ཁོར་ཡུག་གི་ཚད་ཆེ་བ།
Keyword True
Example ལྕགས་སྐུད་སྦོམ་པོ། དཔུང་བ་སྦོམ་པོ། མཛུ་གུ་སྦོམ་པོ་ལྟ་བུ།
Antonyms ཕྲ་མོ།
སྦོམ་པོ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། འདིར་འཆད་པའི་སྦོམ་པོ་ཡིན་ན་ཕམ་ལྷག་གང་རུང་གི་སྡེ་ཚན་དུ་གཏོགས་པའི་ཁྱབ་ཅིང་། དེའི་དངོས་གཞི་ཡིན་པ་འགལ་བ་གཞིར་བྱས་ནས་འཆད་པ་ལ། སྦོམ་པོའི་མིང་གི་ཕྱིར་བཅོས་བྱས་ན་དག་ཏུ་རུང་བའི་ལྟུང་བ་དེ། འདིར་བསྟན་སྦོམ་པོའི་མཚན་ཉིད། དེ་ལ་གཉིས་ཏེ། ཕམ་ལྷག་གང་རུང་གི་སྦྱོར་བར་གྱུར་པའི་སྦོམ་པོ་དང་། དེའི་སྡེ་ཚན་དུ་གཏོགས་ཀྱང་དེའི་སྦྱོར་བ་མ་ཡིན་པའི་སྦོམ་པོའོ། །ཞེས་པཎ་ཆེན་ཤཱཀྱ་མཆོག་གི་འདུལ་མདོའི་དཀའ་གནས་སྣང་བྱེད་ཉི་མའི་ཤིང་རྟ་ལས་སོ། ། སྡེ་ལྔ་གང་རུང་དུ་མ་གྱུར་པའི་དགེ་སློང་ཕ་མ་གང་རུང་གི་ལྟུང་བ་གང་ཞིག ཉེས་བྱས་ལས་ལྕི་བ་དེ་སྦོམ་པོའི་ལྟུང་བའི་མཚན་ཉིད་དོ། །མིང་དུ་ཆགས་པའི་སྦོམ་པོ་དང་སྦོམ་པོ་མཚན་ཉིད་པ་དོན་གཅིག སྒྲ་དོན་ནི་ཉེས་པ་ཆེ་བར་གྱུར་པས་ན་སྦོམ་པོ་ཞེས་བྱའོ། །གཉིས་པ་དབྱེ་བ་ལ། ཀུན་སློང་གི་ཉོན་མོངས་པ་ཆེ་འབྲིང་སོགས་ཀྱི་སྒོ་ནས་དང་། སྦྱོར་བ་དང་དངོས་གཞི་སོགས་ཀྱི་སྒོ་ནས་དབྱེ་བ་གཉིས། དང་པོ་ནི། ཕམ་པའི་སྐབས་དང་འབྲེལ་བ་ལ་ལྕི་ཡང་གཉིས། ལྷག་མའི་སྐབས་དང་འབྲེལ་པ་ལ་ཡང་ལྕི་ཡང་གཉིས་ཏེ་བཞིར་དབྱེ་བ་ལུང་འདུལ་བྱེད་ལས་བཤད་ཅེས་རོང་སྟོན་དམ་པས་གསུངས། བརྒྱད་དུ་དབྱེ་ན་ཕམ་པའི་སྐབས་དང་འབྲེལ་བའི་སྦོམ་པོ་ལ་ལྕི་བ། ཤིན་ཏུ་ལྕི་བ། ཡང་པ། ཤིན་ཏུ་ཡང་པ། ལྷག་མའི་སྐབས་དང་འབྲེལ་བ་ལ་ཡང་དེ་བཞིན་དུ་བཞི་སྟེ་བརྒྱད་དུ་ཡོད་དེ། ཚིག་ལེ་ལས། ལྕི་དང་ཤིན་ཏུ་ལྕི་བ་ཉིད། །ཡང་དང་ཤིན་ཏུ་ཡང་པ་སྟེ། །ཕས་ཕམ་པས་ནི་བསླབས་པ་ཡི། །སྦོམ་པོ་རྣམ་པ་བཞི་ཡིན་ནོ། །སྐྲག་པ་མི་བྱེད་ལྕི་བ་སྟེ། །གཞན་གྱི་དེ་ལ་འབད་པ་ཡིས། ཟློག་ཀྱང་མི་ཉན་རབ་ལྕིར་ཤེས། །གཞན་ལ་ཁྲེལ་ཡོད་ཡང་པ་སྟེ། །རང་ཉིད་ངོ་ཚས་ཤིན་ཏུ་ཡང་། །བསམ་པའི་དབྱེ་བས་འགྱུར་བ་ཡིན། །དེ་བཞིན་དགེ་འདུན་ལྷག་མ་ཡིས། །ཀུན་སློང་སྦོམ་པོ་རྣམ་པ་བཞི། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།
སྦོམ་པོ་ (2)
Part of speech མིང་ཚིག
Definition ཕམ་ལྷག་གང་རུང་གི་ལྟུང་བ་རྣམ་བཞག་གིས་ཀུན་ནས་བསླངས་ཤིང་ཡན་ལག་གཅིག་ཙམ་མ་ཚང་བ་དེ་ལ་སྤོམ་པོ་ཟེར། སྤྱིར་སྦོམ་པོ་དེ་ལ་སྒྲས་བརྗོད་པ་གཉིས་ཡོད་དེ། མིང་དུ་ཆགས་པའི་སྦོམ་པོ། ཡོན་ཏན་སྒྲའི་སྦོམ་པོ་གཉིས་སུ་ཡོད་པའི་ཕྱིར། དེ་གཉིས་ཀྱང་ཡོད་དེ། དང་པོ་སྦོམ་པོ་མཚན་ཉིད་པ་ཡིན། གཉིས་པ་སྦོམ་པོ་བཏགས་པ་བ་དང་སྤྱི་བྱེ༌བྲག་ཡིན་པའི་ཕྱིར། ཕྱི་མ་གྲུབ་སྟེ། ཉེས་བྱས་མང་དུ་ཚོགས་པ་ཡོན་ཏན་སྒྲའི་སྦོམ་པོ་དང་། ཉེས་བྱས་མཐའ་དག་སྦོམ་པོ་བཏགས་པ་བ་ཡིན་པའི་ཕྱིར། ཞེས་གསུངས།