From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྦོམ་པོ་བརྒྱད་ (1)
| Part of speech
|
མིང་ཚིག
|
| Definition
|
མ་སྨིན་པའི་རིག་མ་བསྟེན་པ། ཚོགས་འཁོར་གྱི་དུས་སུ་རྩོད་པ་བྱས་པ། མཚན་དང་མི་ལྡན་པའི་བདུད་རྩི་རང་སྟོབས་ཀྱིས་ལེན་པ། སྣོད་ལྡན་ལ་ཆོས་མི་སྟོན་པ། དོན་གཉེར་གྱིས་དྲིས་པའི་ལན་དུ་ཆོས་གཞན་སྟོན་པ། སྔགས་སྤྱོད་ལ་སྐུར་པ་འདེབས་པའི་ཉན་ཐོས་ཀྱི་ནང་དུ་ཞག་བདུན་ལོངས་པར་འདུག་པ། སྔགས་ཀྱི་རྣལ་འབྱོར་དང་མི་ལྡན་པར་རང་ཉིད་རྡོ་རྗེ་འཛིན་པར་རློམ་པ། སྣོད་མིན་ལ་ཟབ་དོན་དུས་མ་ཡིན་པར་བཤད་པའོ། །
|
| Domain
|
ཆོས་ལུགས།
|
སྦོམ་པོ་བརྒྱད་ (2)
| Part of speech
|
མིང་ཚིག
|
| Definition
|
ཤེས་རབ་སྟོབས་ཀྱིས་ལེན་པ། དེའི་བདུད་རྩི་སྟོབས་ཀྱིས་ལེན་པ། སྣོད་མིན་ལ་གསང་རྫས་དང་ཕྱག་རྒྱ་སྟོན་པ། ཚོགས་ཀྱི་ནང་དུ་རྩོད་པ། དད་ལྡན་ལ་དྲི་བའི་དོན་ལས་གཞན་དུ་སྟོན་པ། ཉན་ཐོས་ནང་དུ་ཞག་བདུན་གནས་པ། རྫུན་གྱིས་རྣལ་འབྱོར་ང་རྒྱལ་བྱེད་པ། དད་པ་མེད་ལ་ཆོས་སྟོན་པའོ། །
|