101480

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱང་གཞི་སྦྱང་བྱ་སྦྱོང་བྱེད་སྦྱངས་འབྲས་བཞི་ (1)
Part of speech མིང་ཚིག
Definition སྒྲིབ་པའི་དྲི་མ་སྦྱང་བའི་གཞི་བདེ་གཤེགས་སྙིང་པོ་དང་། གཞི་དེར་སྦྱང་བྱའི་སྒྲིབ་པ་ཀུན་གཞིའི་རྣམ་ཤེས་འཁོར་དང་བཅས་པ་དང་། གཞི་དེར་སྒྲིབ་པ་སྦྱོང་བྱེད་ཚོགས་གཉིས་འཁོར་དང་བཅས་པའི་ལམ་དང་། སྦྱང་བྱ་དེ་གཞི་དེར་སྦྱངས་པའི་འབྲས་བུ་རང་བྱུང་ཡེ་ཤེས་མངོན་དུ་གྱུར་པ་སྟེ། ཀུན་མཁྱེན་དོལ་བོ་སངས་རྒྱས་ཀྱི་ཤགས་འབྱེད་བསྡུས་པ་ལས། སྦྱང་བའི་གཞི་ནི། ཀུན་གཞི་ཡེ་ཤེས་བདེ་གཤེགས་སྙིང་པོ་དྲི་བཅས་དེ་བཞིན་ཉིད་དེ། སྤྲིན་ཚོགས་འཁྲིགས་པའི་ནམ་མཁའ་དང་། འདམ་གྱིས་གཡོག་པའི་ནོར་བུ་ལྟ་བུའོ། །སྦྱང་བྱའི་དྲི་མ་ནི། དབུགས་ལ་ཞོན་པའི་ཀུན་གཞི་རྣམ་ཤེས་འཁོར་དང་བཅས་པ་སྟེ། སྤྲིན་དང་འདམ་རྫབ་ལྟ་བུའོ། །སྦྱོང་བྱེད་ལམ་ནི། འཕོ་བའི་སྐད་ཅིག་འགག་པར་བྱེད་པའི་ཐབས་མཆོག་འཁོར་དང་བཅས་པ་སྟེ། སྤྲིན་ཚོགས་འཐོར་བའི་རླུང་དང་འདམ་རྫབ་འཁྲུད་པའི་ཆུ་རྒྱུན་ལྟ་བུའོ། །སྦྱངས་པའི་འབྲས་བུ་ནི། འཕོ་བའི་སྐད་ཅིག་འགགས་པའི་གཞི་ལ་འཕོ་མེད་བདེ་སྟོང་རང་བྱུང་གི་ཡེ་ཤེས་གདོད་ནས་ལྷུན་གྲུབ་ཏུ་རྟག་པར་བཞུགས་པ་དེ་མངོན་དུ་གྱུར་ཅིང་ཐོབ་པ་སྟེ། སྤྲིན་ཚོགས་སངས་པའི་ནམ་མཁའ་དག་པ་མངོན་དུ་གྱུར་པ་དང་། །དྲི་བྲལ་ནོར་བུ་ཐོབ་ནས་དགོས་དགུ་ཚང་བ་ལྟ་བུའོ། །ཞེས་བྱུང་།
Domain ཆོས་ལུགས།

{{#arraymap:སྦྱང་གཞི་སྦྱང་བྱ་སྦྱོང་བྱེད་སྦྱངས་འབྲས་བཞི་

|; |@@@ | | }}