101481

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱང་གཞི་སྦྱོང་བྱེད་ (1)
Part of speech མིང་ཚིག
Definition ས་སྐྱ། དོན་དམ་སྤྲོས་བྲལ་མངོན་སུམ་དུ་མ་རྟོགས་ཀྱི་བར་དུ་ཀུན་རྫོབ་འཁོར་བའི་སྣང་བ་འབྱུང་བ་ཀུན་ངོ་བོ་ཉིད་སྟོང་པ་ཉིད་ཡིན་པས་འཆིང་གྲོལ་གྱི་གཞིར་རུང་བ་དང། ལྷའི་ངོ་བོར་རང་བཞིན་རྣམ་པར་དག་པའི་གནད་ཀྱིས་ལྷར་བསྒོམས་པས་ལྷར་འགྱུར་བར་གསུངས་པའི་གནད་འདི་ནི། གསེར་རྒྱན་ལྟར་མཁས་པའི་བློ་གྲོས་ཀྱི་ལུས་ལ་རྒྱན་དུ་འདོགས་པར་རིགས་ཏེ། ཁྱོད་རྒྱུད་དང་གྲུབ་པའི་གཞུང་བཟང་གི་དགོངས་པ་རྨ་མེད་པའི་གནད་ཟབ་མོ་ཡིན་པའི་ཕྱིར། སྦྱང་གཞི་སོགས་འདི་དག་གཞི་གཅིག་གི་སྟེང་དུ་མཚོན་ན། གཟུགས་ཕུང་ནི་སྦྱང་གཞི། དེ་ལྷར་མ་ཤེས་པར་ཐ་མལ་དུ་འཛིན་པའི་རྟོག་པ་ནི་སྦྱང་བྱ། རྣལ་འབྱོར་པའི་བློས་སློང་གི་རྣམ་སྣང་ལྟ་བུ་ནི་སྦྱོང་བྱེད། གཟུགས་ཕུང་དེ་ཉིད་རྣམ་སྣང་དང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་རང་བཞིན་གྱིས་རྣམ་པར་དག་པར་ཤེས་ནས་ལྷ་དང་ཡེ་ཤེས་ཀྱི་ངོ་བོ་རྒྱུན་དུ་བསྒོམ་པ་ནི་སྦྱང་ཚུལ། དེ་གསུམ་ཆར་བསྒོམས་པས་གཟུགས་ཕུང་རྣམ་སྣང་དང་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གནས་གྱུར་པ་ནི་སྦྱང་འབྲས་ཏེ་ཐམས་ཅད་ལ་འདི་བཞིན་དུ་ཤེས་པར་བྱའོ། །དེས་ན་ལུགས་འདི་ལ་སྦྱང་གཞི་ནི་གཙོ་བོ་ཡུལ་གཟུགས་སོགས་དང། སྦྱང་བྱ་ནི་ཡུལ་ཅན་རྟོག་པ་ལ་འཇོག་པ་ཡིན་ཏེ། རྒྱུད་ལས། སྦྱང་གཞི་སྟོན་པའི་དབང་དུ་བྱས་ནས། །འཁོར་བ་གཟུགས་དང་སྒྲ་ལ་སོགས། །ཞེས་སོགས་དང། སྦྱང་བྱ་སྟོན་པའི་དབང་དུ་བྱས་ནས། རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཉིད། །ཅེས་གསུངས་པའི་ཕྱིར། གནད་ཀྱི་དོན་ཞེ་སྡང་ལྟ་བུ་གཅིག་ལ་ཡང་ཡུལ་དང་ཡུལ་ཅན་གྱི་ལྡོག་པས། ཞེ་སྡང་རང་ཉིད་སྦྱང་གཞི་དང། དེ་ལ་ཐ་མལ་དུ་འཛིན་པ་སྦྱང་བྱ་ཡིན་པའི་རྣམ་དབྱེ་ཕྱེེད་དགོས་པ་ཡིན་ནོ་ཞེས་པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་ཁ་སྐོང་རྣམ་བཤད་རྒྱན་གྱི་མེ་ཏོག་ལས་སོ། །
Domain ཆོས་ལུགས།

{{#arraymap:སྦྱང་གཞི་སྦྱོང་བྱེད་

|; |@@@ | | }}