101499
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྣམ་པར་གྲོལ་བའི་ལམ་ལས་སྦྱངས་པའི་ཡོན་ཏན་བསྟན་པ་ལས་བྱུང་བ་སྟེ། དང་པོ། གོས་དང་ལྡན་པ་གཉིས་ཏེ། ༡ ཕྱག་དར་ཁྲོད་པ་ཉིད། ༢ ཆོས་གོས་གསུམ་པ་ཉིད་དང་གཉིས་སོ། །གཉིས་པ། ཟས་དང་ལྡན་པ་ལྔ་སྟེ། ༡ བསོད་སྙོམས་པ་ཉིད། ༢ མཐར་ཆགས་སུ་རྒྱུ་བ་ཉིད། ༣ སྟན་གཅིག་པ་ཉིད། ༤ ཟས་ཆོག་པ་ཉིད། ༥ ཟས་ཕྱིས་མི་ལེན་པ་ཉིད་དོ། །གསུམ་པ། གནས་མལ་དང་ལྡན་པ་ལྔ་སྟེ། ༡ དགོན་པ་བ་ཉིད། ༢ ཤིང་དྲུང་བ་ཉིད། ༣ བླ་གབ་མེད་པ་ཉིད། ༤ དུར་ཁྲོད་པ་ཉིད། ༥ གཞི་ཇི་བཞིན་པ་ཉིད་བཅས་སོ། ། |
| Domain | ཆོས་ལུགས། |