1015
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གསུམ་པའི་ཤིང་སྦྲུལ་ཕྱི་ལོ་ ༡༧༨༥ ལོར་མདོ་སྨད་སྐྱིད་ཚའི་སྒང་བསོད་དཀོན་ནེའི་སྲས་སུ་འཁྲུངས། ཆུང་དུས་ནས་མཆོད་རྟེན་ངོར་ཞུགས། ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་སྤྱོད་བཅས་ལ་བྱང་བར་སྦྱངས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས། ཀླུ་ཤོད་པ་ཕུན་ཚོགས་སེང་གེ་དགེ་རྒན་དུ་བསྟེན། རིགས་ལམ་ལ་སྦྱངས། སྤོས་མེའི་འོད་ལ་རྟེན་ནས་མདའ་ཚད་མ་ཤོག་བརྒྱད་མཚན་མོར་ཐུགས་ལ་འཛིན་ཐུབ་ཅིང་ཐལ་ཕྲེང་ཡང་ཤིན་ཏུ་བྱང་བར་གྱུར། རྡོ་རམས་པའི་མཚནབཏགས་བཞེས། ཐོས་བསམ་གླིང་གི་ཆོས་ཁྲིམས་པར་བཞེངས། ཨ་མཆོག་རྒྱུད་པ། སེ་ཆང་སྒར། དཔལ་ཤུལ་དགོན་རྣམས་ཀྱི་ཁྲི་པ་མཛད། རྡོ་རྗེ་འཛིན་པར་ཡུན་རིང་བཞུགས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དུས་འཁོར་དཔོན་སློབ་ཀྱི་ཁྲིར་བཞུགས། ལོ་གསུམ་གྱི་རིང་དུ་འཆད་ཉན་བསྐྱངས། མགོན་འཇིགས་ཀྱི་གདམས་པ་ཐུགས་ཉམས་སུ་བཞེས། ལྕགས་མཁར་གཏོར་སྒྲུབ་ཀྱི་རྡོ་རྗེ་སློབ་དཔོན་ཡང་ལན་མང་མཛད། ལྕགས་མཁར་ཞིག་གི་དུས་སུ་ཆོས་རྒྱལ་ཐང་ཀའི་སྙན་ཤལ་འགུལ་བ་གཟིགས། རེ་བརྒྱད་པ་རབ་བྱུང་བཅུ་བཞི་པའི་ཆུ་བྱི་ཕྱི་ལོ་ ༡༨༥༢ ལོར་སྐུ་གཤེགས། ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དུས་འཁོར་དཔོན་སློབ་ཀྱི་ཁྲི་རབས་ཉེར་བཞི་པ་ཡིན། |