101525

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱར་བའི་གསལ་བྱེད་ (1)
Part of speech མིང་ཚིག
Definition གསལ་བྱེད་རྒྱན་གྱི་ནང་གསེས་བཅུ་གཉིས་པ་སྟེ། སྦྱར་གཞི་གཉིས་ཀྱི་སྦྱར་ཆོས་ཐུན་མོང་བ་རྣམས་སྒྲ་དོན་གང་རུང་གི་སྒོ་ནས་ཐ་མི་དད་དུ་སྦྱར་ཞིང་། གསལ་བྱེད་ཀྱི་ཚིག་གཅིག་གིས་སྦྱར་གཞི་སྦྱར་ཆོས་གཉིས་ཀྱི་གསལ་བྱའི་གནས་ལུགས་གཅིག་པའམ་བྱེད་ལས་མཚུངས་པར་འབྲེལ་བ་ཞིག་ལ་ཟེར།
Example བོད་མཁས་པས། ཁོར་ཡུག་བསུང་ཞིམ་ངད་ཀྱིས་འགངས་མཛད་ཅིང་། །ཀུན་ལ་ཅི་འདོད་སྩོལ་པའི་དཔག་བསམ་དབང་། ། ལྗོན་པའི་མཆོག་དེ་ཡོངས་འདུའི་ཚལ་ན་བརྗིད། །ཐམས་ཅད་གཟིགས་དེ་མོས་པ་རྒྱ་མཚོའི་ངོར། །ཞེས་པ་ལྟ་བུའོ། །
Domain རྩོམ་རིག