101526

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱར་བའི་དཔེ་ (1)
Part of speech མིང་ཚིག
Definition དཔེ་རྒྱན་སོ་གཉིས་ཀྱི་ནང་གསེས་བཅུ་བཞི་པ་སྟེ། དཔེ་ཅན་དེ་ལ་ཁྱད་ཆོས་སམ་ཡོན་ཏན་འགའ་རེ་ཡོད་པ་དེ། དཔེ་ལའང་ཁྱད་ཆོས་དེ་དག་ཡོད་པ་སྒྲ་སྦྱར་རམ་དོན་སྦྱར་གང་རུང་གི་སྒོ་ནས་དཔེ་ཅན་དེ་དཔེ་དེ་དང་མཚུངས་པར་བརྗོད་པ་སྟེ། མཇུག་ཏུ་མཚུངས་པ་གསལ་བྱེད་ཀྱི་སྒྲ་དངོས་སུ་ཡོད་པ་ཞིག་ཡིན།
Example བོད་མཁས་པས། དཀར་གསལ་དྲི་མ་སྤངས་པའི་བཞིན་རས་ཅན། །ཆགས་ལྡན་སྙིང་ལ་ཀུན་དགའ་གསར་བའི་རོ། ། སྦྱིན་བྱེད་ལང་ཚོའི་འཕེལ་བ་རྩོམ་པ་ཡི། །བདག་གི་གྲོགས་དེ་ཟླ་ཚེས་གསར་བ་བཞིན། །ཞེས་པ་ལྟ་བུའོ། །
Domain རྩོམ་རིག