101530

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱར་བའི་འགོག་པ་ (1)
Part of speech མིང་ཚིག
Definition འགོག་རྒྱན་ཉེར་གསུམ་གྱི་ནང་གསེས་ཉེར་གཅིག་པ་སྟེ། དངོས་པོ་གང་ཡང་རུང་བ་ཞིག་གཙོ་བོར་བྱས་པ་དགག་བྱ། འགོག་བྱེད་ཕ་རོལ་བོའི་དངོས་པོ་གཞན་གང་ཡང་རུང་བ་ཞིག་དང་། དེ་གཉིས་སྒྲ་དོན་གང་རུང་གི་སྒོ་ནས་མཚུངས་ཆོས་ཕན་ཚུན་སྦྱར་བའི་སྒོ་ནས་དོན་དུ་དངོས་པོ་གཙོ་བོ་དེ་འགོག་པ་ལྟ་བུ་ཞིག་ལ་ཟེར།
Example བོད་མཁས་པས། རབ་གཙང་དྲི་མས་ཡོངས་བཏང་སྔོ་བསངས་གདོང་། །གཉིས་སྐྱེས་དབང་བོས་ཀུན་གསལ་ཡིད་འོང་མ། ། ཁྱོད་ཞལ་དག་པའི་མཁའ་དབྱིངས་འདི་མཐོང་བཞིན། །འདབ་ལྡན་ལམ་གྱི་ཆུ་མཐོངས་དེས་ཅི་བྱ། །ཞེས་ལྟ་བུའོ། །
Domain རྩོམ་རིག