101531

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱར་བའི་ཡོན་ཏན་ (1)
Part of speech མིང་ཚིག
Definition ཐུན་མོང་མ་ཡིན་པའི་རྒྱན་བཅུ་ཡི་ནང་གསེས་དང་པོ་སྟེ། དེ་ལ་ནང་གསེས། རྒྱ་གར་ལྷོ་ཕྱོགས་བཻ་དརྦྷའི་ལུགས་ལྟར་གྱི་སྦྱར་བ་དང་། ཤར་ཕྱོགས་གཽཌའི་ལུགས་ལྟར་གྱི་སྦྱར་བ་གཉིས་ཡོད། ལྷོ་བའི་ལུགས་ལ། བོད་མཁས་པ་སོགས་ཀྱིས། འཇམ་པའི་ཡི་གེ་མང་ཞིང་། རྩུབ་པའི་ཡི་གེ་ཉུང་ཙམ་བསྲེས་ཤིང་། འདོན་པའི་སྐབས་སུ་རྩུབ་པའམ་སྲོག་ཆེན་གྱི་ཡི་གེ་ཤུགས་ཆེ་བར་འོང་བ་ཞིག་ལ་འདོད་པ་དང་། རིན་སྤུངས་པ་དང་རྒྱལ་དབང་ལྔ་པས། སྲོག་ཆེན་གྱི་ཡི་གེ་མང་ཞིང་། དེ་གཙོ་བོར་སྦྱར་ནས་སྲོག་ཆུང་ཉུང་ཙམ་བསྲེས་ཤིང་། འདོན་པའི་སྐབས་སུ་སྲོག་ཆེན་གྱི་ཡི་གེ་ཤུགས་ཆེ་བར་འོང་བ་ཞིག་ཏུ་འདོད། ཤར་བའི་ལུགས་ལ། རྩུབ་པ་སྲོག་ཆེན་གྱི་ཡི་གེ་གཏན་ནས་མ་འདྲེས་པར། ལྷོད་པ་སྲོག་ཆུང་གི་ཡི་གེ་འབའ་ཞིག་ཏུ་ཡོད་པ་ལ། ཡི་གེ་གང་ཡང་རུང་བ་ཞིག་གིས་ཡང་ཡང་བསྐོར་བའམ། འདྲ་ཚིག་གཅིག་པ་ཅན་ཡང་ཡང་བསྐྱར་བལྡབས་ཀྱི་ཚུལ་ལྟ་བུ་སྟེ། རྗེས་ཁྲིད་བྱེད་པ་ནི་ཤར་བའི་ལུགས་ཀྱི་སྦྱར་བའི་ཡོན་ཏན་དུ་འདོད། འོན་ཀྱང་། རིན་སྤུངས་པ་དང་རྒྱལ་དབང་ལྔ་པ། བོད་མཁས་སོགས་ཀྱིས། སྲོག་ཆུང་གི་ཡི་གེ་ཤིན་ཏུ་མང་ལ། སྲོག་ཆེན་གྱི་ཡི་གེ་འགའ་རེ་ཙམ་ཡང་འབྱུང་ཆོག་པར་གསུངས། རྗེས་ཁྲིད་ཅེས་པ་ནི། བཅད་ལྷུག་གི་ཚིག་རྣམས་ལ་ལྟོས་ནས། ཚིག་གྲོགས་ཀྱི་ཡི་གེ་གཅིག་གམ། ཡི་གེ་འདྲ་བ་གཅིག་སྔ་ཕྱིའི་བར་ཐག་མི་རིང་བར་ཡང་ཡང་བསྐོར་བའམ། ཡང་ཡང་བསྐྱར་བལྡབས་བྱས་ཏེ། ལན་དུ་མར་འབྱུང་བ་ལ་ཟེར།
Example རྒྱལ་དབང་ལྔ་པས་ལྷོ་བའི་ལུགས་ལ། ཚང་ཚིང་ཁོ་ར་ཁོར་ཡུག་གི ། སྲ་མཁྲེགས་སར་འཁོད་སྐྱེ་བོ་འགའ། ། ཐགས་མཁན་ཚུལ་མཚུངས་འཐད་འཐད་ཚིག ། ཁ་ནས་མི་ཡོང་ཕ་རོལ་ཚེར། །ཞེས་དང་། ཤར་བའི་ལུགས་ལ། རབ་དཀར་གངས་རི་ལྟར་དཀར་བ། །དཀར་མཛེས་པདྨ་དཀར་པོར་འགྲན། ། ལེགས་དཀར་སྒེག་མོའི་གདོང་ལྟར་དཀར། །སྤྲིན་དཀར་རྗེས་འགྲོ་ལྷག་བསམ་དཀར། །ཞེས་པ་ལྟ་བུ།
Domain རྩོམ་རིག