101534
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལྡོག་པ་ཅན་གྱི་ནང་གསེས་གསུམ་པ་སྟེ། བརྗོད་པར་འདོད་པའི་དཔེ་དང་། དོན་གཉིས་ཀྱི་ཁྱད་ཆོས་འགའ་ཞིག་སྒྲ་སྦྱར་བའི་སྒོ་ནས་མཚུངས་པར་བརྗོད་རྗེས། སླར་ཡང་དེ་གཉིས་ཀའི་མི་འདྲ་བའི་ཁྱད་ཆོས་དངོས་སུ་བསྟན་ནས་སོ་སོར་དབྱེ་བ་འབྱེད་པར་བྱེད་པ་ཞིག་ཡིན། |
| Example | བོད་མཁས་པས། དཔལ་ལྡན་མཁས་པ་ཁྱོད་དང་མི་ཡི་དབང་། །འཇིགས་བྲལ་གནས་ལྔར་བྱང་ཞིང་ལུགས་ཀུན་ཤེས། ། སྨྲ་མཁས་ཁྱོད་ཀྱིས་ཐུབ་པའི་བསྟན་པ་དང་། །མི་ཡི་དབང་ཕྱུག་དེས་ནི་རང་སྲིད་སྐྱོང་། །ཞེས་པ་ལྟ་བུའོ། ། |
| Domain | རྩོམ་རིག |