101535

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱར་བའི་སྒྲ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། ཡི་གེའི་སྒྲ་རྣམ་པ་བཞིའི་ཡ་གྱལ་ཞིག་སྟེ། འདིའི་དོན་གཟི་ལྡན་འཆར་ཁའི་འོད་སྣང་ལས། སྦྱར་བའི་སྒྲ་གང་ཞེ་ན། འདི་ལྟ༷་སྟེ། ལས་བཞིའི་དཀྱིལ་འཁོར་གྱི་དབྱིབས་ལྟ་བུ་ལ། ལས་བཞི་པོ་གང་དང་གང་མཚོན་པ་ལ་ཡི་གེ་ཨེ་ཝཾ་མ་ཡ་ཞེས་གང་དང་གང་གི་གཟུགས་ཀྱི་དབྱིབས་སུ་སྦྱར་བས་ལས་བཞི་པོ་དྲག་པོ་དང་དབང་དང་རྒྱས་པ་དང་ཞི་བའི་ཕྲིན་ལས་རྣམས་བཞི་དེ་དང་དེའི་དོན་འབྱུང་བ་གང་ཡིན་པ་དེ་ལྟ་བུ་ལ་སོགས་པའོ། །ཞེས་གསུངས།
Domain ཆོས་ལུགས།