101563

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱིན་པ་བརྒྱད་ (1)
Part of speech མིང་ཚིག
Definition ཉེ་བ་ལ་སྦྱིན་པ་དང་། འཇིགས་པས་དང་། བདག་ལ་དང་། བདག་ལ་སྦྱིན་པར་འགྱུར་བས་དང་། སྔོན་བདག་གིས་ཕ་དང་མེས་པོ་དག་གིས་སྦྱིན་པ་བྱིན་པས་དང་། མཐོ་རིས་ཀྱི་དོན་དུ་དང་། གྲགས་པའི་དོན་དུ་དང་། སེམས་ཀྱི་རྒྱན་གྱི་དོན་དང་། སེམས་ཀྱི་ཡོ་བྱད་ཀྱི་དོན་དང་། རྣལ་འབྱོར་གྱི་ཚོགས་ཀྱི་དོན་དང་། དོན་གྱི་མཆོག་ཐོབ་པར་བྱ་བའི་ཕྱིར་སྦྱིན་པ་བྱིན་པ་སྟེ་བརྒྱད་དོ། །ནམ་ཉེ་བར་གྱུར་ཅིང་ཉེ་བར་ལྷགས་པ་དག་ལ་སྦྱིན་པར་བྱེད་པ་ཉེ་བས་སྦྱིན་པའོ། །མེད་པར་བྱེད་པ་མངོན་སུམ་དུ་མཐོང་ནས་དམ་པ་སྦྱིན་ནོ་ཞེས་བྱ་བ་ནི་འཇིགས་པས་སྦྱིན་པའོ། །འདི་ལ་བདག་གི་གཉིས་གཅིག་སེམས་ཀྱི་རྒྱན་ཡོ་བྱད་རྣལ་འབྱོར་གཅིག་ཏུ་བྱས་པ་བརྒྱད་དོ། །ལྷག་མ་རྣམས་ནི་གོ་སླ་བས་རྣམ་པར་མ་ཕྱེའོ། །
Domain ཆོས་ལུགས།

{{#arraymap:སྦྱིན་པ་བརྒྱད་

|; |@@@ | | }}