101573

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱིན་པ་ཡོངས་སུ་དག་པ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྦྱིན་པ་ཡོངས་སུ་དག་པ་བཅུ་སྟེ། ༡ འདི་ལྟར་སེམས་ཅན་ལ་མི་མཉམ་པ་མེད་པའི་ཕྱིར། སེམས་སྙོམས་པའི་སྦྱིན་པ། ༢ བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། བསམ་པ་ཇི་ལྟ་བ་བཞིན་དུ་བྱེད་པའི་སྦྱིན་པ། ༣ ཕན་པའི་དངོས་པོ་མ་ཉམས་པའི་ཕྱིར། འཁྲུག་པ་མེད་པའི་སྦྱིན་པ། ༤ གང་ཟག་རབ་དང་། ཐ་མ་ཤེས་པའི་ཕྱིར། ཅི་རིགས་སུ་སྦྱིན་པ། ༥ རྣམ་པར་སྨིན་པ་ལ་རེ་བ་མེད་པའི་ཕྱིར། ཡེ་བརྔམ་པ་མེད་པའི་སྦྱིན་པ། ༦ སེམས་ཀྱིས་འཛིན་པ་ཐམས་ཅད་སྤོང་བའི་ཕྱིར། ཡོངས་སུ་གཏང་བ་ཤིན་ཏུ་གཏོང་བའི་སྦྱིན་པ། ༧ མ་བཏང་བ་གཏོང་བས་དག་པར་བྱ་བའི་ཕྱིར། ཕྱི་ནང་གི་དངོས་པོ་ལ་ཕངས་པ་མེད་པར་ཡོངས་སུ་གཏོང་བའི་སྦྱིན་པ། ༨ འདུས་བྱས་དང་འདུས་མ་བྱས་ཡོངས་སུ་སྤང་བའི་ཕྱིར། བྱང་ཆུབ་ཏུ་བསྔོས་པའི་སྦྱིན་པ། ༩ སྙིང་པོ་བྱང་ཆུབ་ཀྱི་བར་དུ་རྗེས་སུ་གཞོལ་བར་བྱ་བའི་ཕྱིར། སེམས་ཅན་དེ་དག་ཡོངས་སུ་སྦྱིན་པར་བྱ་བའི་སྦྱིན་པ། ༡༠ སྦྱིན་བདག་དང་། ལེན་པ་དང་། སྦྱིན་པ་ནམ་མཁའ་དང་མཚུངས་པར་ཡིད་བྱེད་པའི་ཕྱིར། འཁོར་གསུམ་ཡོངས་སུ་དག་པའི་སྦྱིན་པའོ། །
Domain ཆོས་ལུགས།