101575
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དཀོན་བརྩེགས་འཕགས་པ་དྲང་སྲོང་རྒྱས་པས་ཞུས་པའི་མདོ་ལས་བྱུང་བ་སྟེ། ༡ གཏོང་བ་པོ་ཕྱིན་ཅི་ལོག་ཏུ་ལྟ་བར་གྱུར་ཅིང་མ་དད་པ་དང༌། མ་དད་པ་མང་ལ། དེས་སྦྱིན་པ་བྱིན་པ་འདི་ཡོངས་སུ་མ་དག་པ་ཡིན་ནོ། །༢ གཞན་ཡང་ཕན་བཏགས་པའི་ལན་དུ་ཕན་འདོགས་པར་བྱ་བའི་ཕྱིར་བྱིན་པ། ༣ སྨན་པ་དང་འདོད་པའི་ཕྱིར་གང་འདི་ལྟ་བུའི་སེམས་ཀྱིས་མེད་པ་དང༌། མེ་ལྕེ། ཆུ་ལ་བྱིན་པ། ༤ རྒྱལ་པོ་ལ་བྱིན་པ། ༥ གང་མི་འཇིགས་པའི་ཕྱིར་ཆོམ་རྐུན་ལ་བྱིན་པ། ༦ དུག་བྱིན་པ། ༧ མཚོན་ཆ་བྱིན་པ། ༨ བསད་ཤ་བྱིན་པ། ༩ ཆང་བྱིན་པ། ༡༠ བདག་གི་རིམ་གྲོ་དང༌། མཆོད་པའི་སེམས་ཅན་བསྡུ་བའི་དང༌། བདག་ལ་ཐོབ་པའི་ཕྱིར་བྱིན་པ། ༡༡ བདག་ལ་བསྟོད་པའི་བྱིན་པ། ༡༢ གར་དང་གླུ་གཞས་ཀྱི་ཕྱིར་བྱིན་པ། ༡༣ རོལ་མོ་མཁན་ལ་བྱིན་པ། ༡༤ སྐར་མཁན་ལ་བྱིན་པ། ༡༥ གཞན་ནོར་མཛའ་བོ་ལ་བྱིན་པ། ༡༦ གཞན་གྱི་འབྲུ་སོགས་རི་དྭགས་དང་བྱ་ལ་བྱིན་པ། ༡༧ བཟོའི་ཕྱིར་བྱིན་པ། ༡༨ ལུས་མི་བདེ་བས་སྨན་པ་ལ་བྱིན་པ། ༡༩ སློང་བ་ལ་ཚིག་པ་ཟ་ནས་བྱིན་པ། ༢༠ སྦྱིན་པའི་རྣམ་སྨིན་ལ་ཐེ་ཚོམ་ཟ་ནས་བྱིན་པ། ༢༡ གདུང་བ་དང་འགྱོད་པས་བྱིན་པ། ༢༢ བདག་ལས་ཁྱེར་བ་ཐམས་ཅད་ཚེ་ཕྱི་མ་སླར་སྦྱིན་པར་འགྱུར་རོ་སྙམ་ནས་བྱིན་པ། ༢༣ གང་བསོད་ནམས་ཀྱི་རྣམ་པར་སྨིན་པར་བདག་ལ་ཐོབ་པར་གྱུར་ཅིག་སྙམ་ནས་བྱིན་པ། ༢༤ གང་ལང་ཚོ་ལ་བབ་པ་དང་། ཕྱིས་དར་ཕྱིས་པ་དང་། རྒ་བའི་གནས་སྐབས་དང་། ན་བས་གཟིར་བ་དང་། འཆི་བའི་དུས་ཀྱི་ཚེ་དང་། གནད་དུ་ཕོག་པའི་སྡུག་བསྔལ་དང་། སྣང་བ་དང་། མྱ་ངན་དུ་གྱུར་ནས་སངས་རྒྱས་ལ་དགའ་བ་དང་། དད་པ་མེད་པར་རྩ་ལག་རྣམས་ཀྱིས་བསྐུལ་ནས་བྱིན་པ། ༢༥ རང་གི་གྲགས་པའི་དོན་དུ་བྱིན་པ། ༢༦ ཁ་ཟས་གཏོང་མི་ཕོད་པ་ལ་འཇིག་རྟེན་པ་མི་དགའ་བར་མཐོང་ནས་བྱིན་པ། ༢༧ བུད་མེད་ཀྱི་ཕྱིར་དུ་བྱིན་པ། ༢༨ གཉེན་འདབས་དང་འབྲེལ་བའི་ཕྱོགས་ལ་བྱིན་པ། ༢༩ བུ་ཐོབ་པའི་ཕྱིར་དུ་བྱིན་པ། ༣༠ གང་ཚེ་འདིར་བྱིན་པ་ཕྱི་མ་ཐོབ་པར་འགྱུར་རོ་སྙམ་ནས་བྱིན་པ། ༣༡ ཕོངས་པ་རྣམས་བོར་ནས་ཕྱུག་པ་ལ་བྱིན་པ་བཅས་སོ། ། |
| Domain | ཆོས་ལུགས། |