101585

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱིན་པ་ལ་མོས་པའི་ཕན་ཡོན་བཅུ་ (1)
Part of speech མིང་ཚིག
Definition ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས་བྱུང་བ་སྟེ། དེའི་སེར་སྣའི་ཉོན་མོངས་པ་ཚར་བཅད་པ་ཡིན། དེའི་སེམས་རྟག་ཏུ་གཏོང་བའི་རྗེས་སུ་སྤེལ་བ་ཡིན། སྐྱེ་བ་མང་པོ་དང་ཐུན་མོང་བའི་ལོངས་སྤྱོད་ལས་སྙིང་པོ་ལེན་པ་ཡིན། ལོངས་སྤྱོད་ཆེན་པོའི་རིགས་སུ་སྐྱེ་ཞིང་སྐྱེས་མ་ཐག་ཏུ་དེ་གཏོང་བའི་སེམས་མངོན་དུ་འགྱུར་བ་ཡིན། འཁོར་བཞི་རྣམས་ལ་ཕངས་ཤིང་སྡུག་པ་ཡིན། འཇིགས་པ་མེད་ཅིང་འཁོར་གྱི་ནང་དུ་འགྲོ་བ། ཕྱོགས་དང་ཕྱོགས་མཚམས་སུ་དེའི་རྒྱ་ཆེར་བརྗོད་པའི་སྒྲ་ཚིགས་སུ་བཅད་པ་མངོན་པར་འབྱུང་བ། རྐང་ལག་འཇམ་ཞིང་གཞོན་པ་ཡིན། རྐང་མཐིལ་མཉམ་ཞིང་རབ་ཏུ་གནས་པ་ཡིན། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་དགེ་བའི་བཤེས་གཉེན་དང་མི་འབྲལ་བའོ། །
Domain ཆོས་ལུགས།