101586

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱིན་པ་ལ་སྤྲོ་བ་བསྐྱེད་པ་ (1)
Part of speech མིང་ཚིག
Definition མདོ། རྟེན་དམན་པ་རྣམས་སྦྱིན་པ་ལ་སྤྲོ་བ་བསྐྱེད་པ་ལ། བརྩེ་བདག་མ་ཡིན་པ་རྣམས་ལ་དང་པོར་སྦྱིན་པའི་གཏམ་མཛད་པའི་རྒྱུ་མཚན་དང། རྒྱུ་མཚན་དེ་བསྒྲུབས་པའོ། །དང་པོ། ཐུབ་པ་ཆོས་ཅན། ཁྱོད་ཀྱིས་ཕར་ཕྱིན་བཅུའི་དང་པོར་སྦྱིན་པའི་གཏམ་མཛད་པ་ཡིན་ཏེ། འཁོར་བ་པའི་སྐྱེ་བོ་འདི་ཀུན་བདེ་བ་མངོན་པར་འདོད་ཅིང་མི་རྣམས་ཀྱི་བདེ་བའང་ཚེ་འདིའི་ལོངས་སྤྱོད་མེད་པར་འབྱུང་བ་མ་ཡིན་ལ། ལོངས་སྤྱོད་ཀྱང་ནི་སྔོན་གྱི་སྦྱིན་པ་ལས་འབྱུང་བར་མཁྱེན་ནས་དེ་མཛད་པའི་ཕྱིར། གཉིས་པ་དེ་བསྒྲུབ་པ་ལ། སྦྱིན་པས་འཁོར་བའི་བདེ་བ་ཐོབ་པར་བསྟན། སྤྱིན་པས་མྱང་འདས་ཀྱི་བདེ་བ་ཐོབ་པར་བསྟན་པའོ། །དང་པོ་ནི། འོ་ན་སྦྱིན་པ་བཏང་བ་ལས་ལོངས་སྤྱོད་འབྱུང་བ་ལ་གཏོང་བ་པོ་སྙིང་རྗེ་དང་ཕན་སེམས་དང་ལྡན་པ་དགོས་སམ་ཞེས་ན། དེ་མི་དགོས་ཏེ། སྙིང་རྗེ་དམན་ཞིང་ཤིན་ཏུ་རྩུབ་པོའི་སེམས་ཅན་རང་དོན་ལྷུར་ལེན་པ་གང་ཡིན་པ་དེ་དག་གིས་ཀྱང་སྦྱིན་པ་ལས་བྱུང་བའི་འདོད་པའི་ལོངས་སྤྱོད་རྣམས་བཀྲེས་སྐོམ་ལ་སོགས་པའི་སྡུག་བསྔལ་ཉེ་བར་ཞི་བའི་རྒྱུར་འགྱུར་བའི་ཕྱིར། གཉིས་པ་ནི། བཤད་མ་ཐག་པའི་སྦྱིན་པ་གཏོང་བ་པོ་འདི་ཡང་ཆོས་ཅན། མཐར་ཐེག་དམན་གྱི་ཞི་བར་འགྲོ་བར་འགྱུར་ཏེ། ཁྱོད་སྦྱིན་པ་གཏོང་བའི་སྐབས་ཀྱང་དུས་ནམ་ཞིག་གི་ཚེ། འཕགས་པའི་སྐྱེ་བོ་དང་ཕྲད་པ་མྱུར་དུ་ཐོབ་ཅིང། དེ་ནས་དེས་ཆོས་བསྟན་པ་ལས་སྲིད་པའི་རྒྱུན་ཡང་དག་པར་ཏེ་རྩ་བ་ནས་བཅད་པར་བྱས་ཏེ། དེའི་རྒྱུ་ཅན་དེ་འབྲས་བུ་མངོན་དུ་བྱེད་པའི་ཕྱིར་རོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་དབུ་འཇུག་རྣམ་བཤད་ལས་སོ། །
Domain ཆོས་ལུགས།