101597
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ལས་བྱུང་བ་སྟེ། ༡ སྟོང་པ་ཉིད་དང་། མཚན་མ་མེད་པ་དང། སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་གསུམ་ལ་གནས་པའང་ཡིན་ལ། ངེས་པར་གྱུར་པ་ལའང་མི་འཇུག་པ། ༢ བདེན་པ་བཞི་ཡོངས་སུ་ཤེས་པའང་ཡིན་ལ། འབྲས་བུ་ཐོབ་པར་ཡང་མི་བྱེད་པ། ༣ རྣམ་པར་ཐར་པ་བརྒྱད་ཀྱི་བསམ་གཏན་ལ་བསམ་གཏན་པའང་ཡིན་ལ། བྱང་ཆུབ་སེམས་དཔའི་སྤྱོད་པའང་མི་གཏོང་བ། ༤ རིག་པ་གསུམ་དང་ལྡན་པའང་ཡིན་ལ། ཁམས་གསུམ་ནའང་སྤྱོད་པ། ༥ ཉན་ཐོས་ཀྱི་ཁ་དོག་དང་། རྟགས་དང་། དབྱིབས་སུ་གནས་པའང་ཡིན་ལ། སྒྲའི་རྗེས་སུ་སོང་ཞིང་ཕ་རོལ་ལས་ཐོས་པ་འཚོལ་བར་ཡང་མི་བྱེད་པ། ༦ རང་སངས་རྒྱས་ཀྱི་ཁ་དོག་དང་། རྟགས་དང་། དབྱིབས་སུ་གནས་པའང་ཡིན་ལ། སྤོབས་པ་ཐོགས་པ་མེད་པས་ཆོག་ཀྱང་སྟོན་པ། ༧ གཅིག་པུ་མཉམ་པར་གཞག་པའང་ཡིན་ལ། སེམས་ཅན་ཐམས་ཅད་སྨིན་པར་བྱ་བའི་སྤྱོད་པ་རྣམས་ནའང་སྣང་བ། ༨ ལམ་ལས་ཀྱང་མ་འདས་ལ། ལམ་ངན་པ་ནའང་སྣང་བ། ༩ ཤིན་ཏུ་ཀུན་ཏུ་ཆགས་པར་སྣང་ཡང་ལ། ཉོན་མོངས་པ་ཐམས་ཅད་དང་བྲལ་བས་འདོད་ཆགས་དང་བྲལ་བར་ཡང་གྱུར་པ། ༡༠ ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདས་པའང་ཡིན་ལ། འཁོར་བའི་སྤྱོད་པ་འཁྲུགས་པར་མི་བྱེད། གཏོང་བར་ཡང་མི་བྱེད་པའོ། ། |
| Domain | ཆོས་ལུགས། |