101610
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | འཕགས་པ་མིའམ་ཅིའི་རྒྱལ་པོ་སྡོང་པོས་ཞུས་པའི་མདོ་ལས་བྱུང་བ་སྟེ། ༡ བྱང་ཆུབ་སེམས་དཔའ་སྦྱིན་པ་སྦྱིན་པ་ན་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བའི་སྦྱིན་པ་དེ་སྦྱིན་པ། ༢ ཐེག་པ་ཆུང་ངུ་སྤངས་པའི་སེམས་ཀྱིས་སྦྱིན་པ་དེ་སྦྱིན་པ། ༣ སློང་བ་ལ་ཞེ་སྡང་བ་མེད་པའི་སེམས་ཀྱིས་སྦྱིན་པ་དེ་སྦྱིན་པ། ༤ ལེན་པ་རྣམས་ལ་སྦྱིན་གནས་སུ་འདུ་ཤེས་བསྐྱེད་དེ་སྦྱིན་པ་དེ་སྦྱིན་པ། ༥ ལེན་པ་རྣམས་ལ་དགེ་བའི་བཤེས་གཉེན་དུ་འདུ་ཤེས་བསྐྱེད་དེ་སྦྱིན་པ་དེ་སྦྱིན་པ་དང༌། ༦ ནང་གི་ཀུན་ནས་ཉོན་མོངས་པའི་དྲི་མ་སྤངས་ཏེ་སྦྱིན་པ་དེ་སྦྱིན་པ། ༧ ཀུན་ཏུ་འཛིན་པ་མེད་པའི་སེམས་ཀྱིས་དགའ་བ་དང༌། དང་བ་དང༌། མཆོག་ཏུ་དགའ་བ་ཐོབ་ནས་སྦྱིན་པ་དེ་སྦྱིན་པ། ༨ ལག་པ་བརྐྱང་སྟེ་གྲོལ་བས་གཏོང་བ་རྣམ་པར་གཏོང་བ་ལ་དགའ་བས་སྦྱིན་པ་དེ་སྦྱིན་པ། ༩ རྒྱ་ཆེན་པོ་ལ་མོས་ཏེ་ཞུམ་པ་མེད་པའི་སེམས་ཀྱིས་སྦྱིན་པ་དེ་སྦྱིན་པ། ༡༠ སྣོད་ཐམས་ཅད་ལ་མི་གནས་པར་སྦྱིན་པ་དེ་སྦྱིན་པ། ༡༡ རྣམ་པར་སྨིན་པ་ལ་རེ་བ་མེད་པར་སྦྱིན་པ་དེ་སྦྱིན་པ། ༡༢ ལན་ལ་རེ་བ་མེད་པའི་བློས་སྦྱིན་པ་དེ་སྦྱིན་པ། ༡༣ སངས་རྒྱས་ཀྱི་ཆོས་འཚོལ་བའི་བློས་སྦྱིན་པ་དེ་སྦྱིན་པ། ༡༤ ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་བསྔོས་ཏེ་སྦྱིན་པ་དེ་སྦྱིན་པ། ༡༥ གདུང་བ་མེད་པའི་སེམས་ཀྱིས་སྦྱིན་པ་དེ་སྦྱིན་པ། ༡༦ བསྡུ་བའི་དངོས་པོ་སྔོན་དུ་འགྲོ་བས་སྦྱིན་པ་དེ་སྦྱིན་པ། ༡༧ སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྦྱིན་པ་དེ་སྦྱིན་པ། ༡༨ ཆོས་འཛིན་པར་གྱུར་ཅིག་སྙམ་སྟེ་སྦྱིན་པ་དེ་སྦྱིན་པ། ༡༩ དེ་བཞིན་གཤེགས་པའི་གསུང་དང་མཐུན་པར་གྱུར་ཅིག་སྙམ་སྟེ་སྦྱིན་པ་དེ་སྦྱིན་པ། ༢༠ བདག་བདུད་ཀྱི་ཕྱོགས་ཚར་གཅོད་པར་གྱུར་ཅིག་ཅེས་ཏེ་སྦྱིན་པ་དེ་སྦྱིན་པ། ༢༡ བདག་བྱང་ཆུབ་ཀྱི་ལམ་རྣམ་པར་སྤྱོད་པར་གྱུར་ཅིག་ཅེས་སྦྱིན་པ་དེ་སྦྱིན་པ། ༢༢ བདག་སྐྱེས་བུ་དམ་པའི་ལས་བྱེད་པར་གྱུར་ཅིག་ཅེས་སྦྱིན་པ་དེ་སྦྱིན་པ། ༢༣ བདག་ཡི་དྭགས་ཀྱི་ལམ་རྣམ་པར་སྤོང་བར་གྱུར་ཅིག་ཅེས་ཏེ་སྦྱིན་པ་དེ་སྦྱིན་པ། ༢༤ བདག་གི་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའི་རྒྱུར་གྱུར་ཅིག་ཅེས་སྦྱིན་པ་དེ་སྦྱིན་པ། ༢༥ བདག་གིས་ལོངས་སྤྱོད་ཆེན་པོར་འགྱུར་བའི་སྒྲུབ་པ་རབ་ཏུ་བཟུང་བར་གྱུར་ཅིག་ཅེས་ཏེ་སྦྱིན་པ་དེ་སྦྱིན་པ། ༢༦ ཆོས་ལ་དགའ་བར་རབ་ཏུ་གནས་པར་གྱུར་ཅིག་ཅེས་ཏེ་སྦྱིན་པ་དེ་སྦྱིན་པ། ༢༧ བདག་ལ་དགེ་བའི་བཤེས་གཉེན་དཀོན་པར་མ་གྱུར་ཅིག་ཅེས་ཏེ་སྦྱིན་པ་དེ་སྦྱིན་པ། ༢༨ བདག་ལ་སེམས་ཅན་ཐམས་ཅད་དགའ་བའི་མིག་དང་ལྡན་པར་གྱུར་ཅིག་ཅེས་ཏེ་སྦྱིན་པར་དེ་སྦྱིན་པ། ༢༩ བདག་གི་སྦྱིན་པ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་པར་གྱུར་ཅིག་ཅེས་སྦྱིན་པ་དེ་སྦྱིན་པ། ༣༠ བྱང་ཆུབ་སེམས་དཔའ་གཏོང་བ་ཕུན་སུམ་ཚོགས་པ་གཞན་རྣམས་ཀྱི་རྗེས་སུ་སློབ་པར་གྱུར་ཅིག་ཅེས་ཏེ་སྦྱིན་པ་དེ་སྦྱིན་པ། ༣༡ བདག་མཚན་དང་དཔེ་བྱད་བཟང་པོ་བསགས་པ་ཡོངས་སུ་འཛིན་པར་གྱུར་ཅིག་ཅེས་ཏེ་སྦྱིན་པ་དེ་སྦྱིན་པ། ༣༢ བདག་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་དང༌། བདག་སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་སུམ་དུ་གྱུར་ཅིག་ཅེས་ཏེ་སྦྱིན་པ་སྦྱིན་པ་སྟེ། རྣམ་པ་སུམ་ཅུ་རྩ་གཉིས་པོ་འདི་དག་གིས་བྱང་ཆུབ་སེམས་དཔའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། ། |
Domain | ཆོས་ལུགས། |
{{#arraymap:སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་རྣམ་པ་སོ་གཉིས་
|; |@@@ | | }}