101614

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་འགྲོ་བའི་ཡོན་ཏན་ལྔ་ (1)
Part of speech མིང་ཚིག
Definition འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ་ལས་བྱུང་བ་སྟེ། ཆགས་པ་མེད་པ་ཉིད། མི་ལྟ་བ་ཉིད། ཁ་ན་མ་ཐོ་བ་མེད་པ་ཉིད། རྣམ་པར་མི་རྟོག་པ་ཉིད། ཡོངས་སུ་བསྔོ་བ་ཉིད་དོ། །
Domain ཆོས་ལུགས།

{{#arraymap:སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་འགྲོ་བའི་ཡོན་ཏན་ལྔ་

|; |@@@ | | }}

སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་འགྲོ་བའི་ཡོན་ཏན་ལྔ་ (2)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ཆགས་པ་མེད་པ་ཉིད་ནི། སྦྱིན་པ་ལ་སོགས་པའི་གེགས་སུ་གྱུར་པའི་ཆོས་རྣམ་པ་ཐམས་ཅད་ལ་ཆགས་པ་མེད་པ་གང་ཡིན་པའོ། །མི་ལྟ་བ་ཉིད་ནི། ཟང་ཟིང་དང་དེའི་འབྲས་བུ་ལ་སེམས་འབྲེལ་པ་མེད་པ་གང་ཡིན་པའོ། །ཁ་ན་མ་ཐོ་བ་མེད་པ་ཉིད་ནི། སྦྱིན་པ་ལ་སོགས་པའི་ཉེ་བའི་ཉོན་མོངས་པ་རྣམ་པ་ཐམས་ཅད་རྣམ་པར་སྤངས་པ་ཉིད་གང་ཡིན་པའོ། །རྣམ་པར་རྟོག་པ་མེད་པ་ཉིད་ནི། སྦྱིན་པ་ལ་སོགས་པ་ལ་ཀུན་བརྟགས་པའི་ངོ་བོ་ཉིད་དུ་མི་ལྟ་བ་གང་ཡིན་པའོ། །ཡོངས་སུ་བསྔོ་བ་ཉིད་ནི། སྦྱིན་པ་ལ་སོགས་པ་ཐམས་ཅད་ཀྱི་འབྲས་བུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་སྨོན་ལམ་འདེབས་པ་གང་ཡིན་པའོ། །

{{#arraymap:སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་འགྲོ་བའི་ཡོན་ཏན་ལྔ་

|; |@@@ | | }}