101619
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། མཚན་ཉིད་ནི། སྦྱིན་པའི་ཕར་ཕྱིན་གྱི་ཉམས་ལེན་གྱིས་ཟིན་པའི་སྒོ་ནས་བརྟན་པ་ཐོབ་པའི་ཆེད་དུ་མཁྱེན་གསུམ་གྱི་རྣམ་པ་གོ་རིམ་དུ་སྒོམ་པར་བྱེད་པའི་སེམས་དཔའི་རྣལ་འབྱོར། ས་མཚམས་ནི། འཕགས་པ་ལྟར་ན་ཐེག་ཆེན་གྱི་ཚོགས་ལམ་ན་ཡོད་ཅིང། སློབ་དཔོན་ལྟར་ན་ཐེག་ཆེན་གྱི་དྲོད་སྐད་ཅིག་གཉིས་པ་ནས་རྒྱུན་མཐའི་སྔ་ལོགས་ཀྱི་བར་ན་ཡོད་དོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། ། སྐྱེ་མེད་གསུམ་གྱི་ཤེས་རྣམ་དང། སྦྱིན་པའི་ཕར་ཕྱིན་ཟུང་འབྲེལ་དུ་ཉམས་སུ་ལེན་པ་ལ་སློབ་པའི་སེམས་དཔའི་རྣལ་འབྱོར་དེ། སྦྱིན་པའི་ཕར་ཕྱིན་གྱི་མཐར་གྱིས་པའི་སྦྱོར་བའི་མཚན་ཉིད་དོ་ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:སྦྱིན་པའི་ཕར་ཕྱིན་གྱི་མཐར་གྱིས་པའི་སྦྱོར་བ་
|; |@@@ | | }}