101636

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱིན་པའི་ཡ་སྟགས་ (1)
Part of speech མིང་ཚིག
Definition བོན། རིགས་དྲུག་བར་དོ་དང་བཅས་པའི་ཉག་ཐག་གི་འགྲོ་ལ་གང་འདོད་ཀྱིས་སྦྱིན་པའི་རྫས་ཞིག་ཏེ། མདོ་གཟེར་མིག་ལས། སྦྱིན་པའི་ཡ་སྟགས་འདོད་པ་ལྔ། །ཞེས་སོ། །ལྔ་ནི། མཛེས་དགུའི་གཟུགས། སྙན་དགུའི་སྒྲ། ཞིམ་དགུའི་དྲི། གདར་དགུའི་རོ། འཇམ་དགུའི་རེག་བྱ། འཐད་དགུའི་བོན་རྣམས་ཏེ། བསྡུ་ན་གཟུགས། སྒྲ། དྲི། རོ། རེག བོན་རྣམས་སོ། །དེ་དག་ཆོ་གར་བརྟེན་ནས་ཁམས་གསུམ་སེམས་ཅན་ལ་དམིགས་མེད་ཀྱི་ངང་ནས་བསྔོ་བར་བྱ་བའོ། །
Domain ཆོས་ལུགས།