101641

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱིན་པའི་ལས་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། གྲངས་ཉི་ཤུ་རྩ་དྲུག་ཏུ་འཆད་དེ། ཁང་པ་དང་ཁང་ཆེན་གྱི་གནང་བ་སྦྱིན་པ་གཉིས་དང། སྣམ་སྦྱར་དང་མི་འབྲལ་བའི་དང། སྟན་གཉིས་པ་བྱེད་པའི་དང། གསོ་སྦྱོང་ཐ་དད་པ་རྙེད་པ་གཅིག་ཏུ་བྱ་བའི་དང། སྨྱོས་པའི་གནང་བ་དང། དབྱར་མཚམས་ཀྱི་ཕྱི་རོལ་དུ་ཞག་བཞི་བཅུ་འགྲོ་བའི་གནང་བ་དང། ལྟུང་བ་གསལ་པོར་མི་དྲན་ནོ་ཟེར་བ་ལ་དེའི་ངོ་བོ་ཉིད་འཚོལ་བ་སྦྱིན་པ། ཕམ་པ་བྱུང་བ་ལ་ཆད་པ་ལས་ཀྱི་བསླབ་པ་སྦྱིན་པ། སྤོ་བ་དང། གཞི་སྤོ་དང། ཡང་སྤོ་དང། མགུ་བ་དང། གཞི་མགུ་དང། ཡང་མགུ་སྦྱིན་པ་དང། དབྱུང་བ་སྦྱིན་པ་དང། ནན་ཏུར་བྱས་པས་བཟོད་པ་གསོལ་བ་ལ་བཟོད་པ་སྦྱིན་པ་དང། ནན་ཏུར་བྱས་པ་ལ་མཐུན་པ་སྦྱིན་པ་དང། དེ་ལ་མཐུན་པའི་གསོ་སྦྱོང་སྦྱིན་པ་དང། མཐུན་པའི་རྐྱེན་བཀྲ་ཤིས་པའི་གསོ་སྦྱོང་སྦྱིན་པ། གནོད་པ་བཟློག་པའི་གསོ་སྦྱོང་སྦྱིན་པ། དྲན་པས་འདུལ་བ་སྦྱིན་པ། མ་སྨྱོས་པས་འདུལ་བ་སྦྱིན་པ། ནད་པ་དང་རྒན་པོ་ལ་འཁར་བའི་གནང་བ་སྦྱིན་པ། དྲ་བའི་གནང་བ་སྦྱིན་པ། ཆོས་གོས་ངན་པ་ལ་དགེ་འདུན་གྱི་ཆོས་གོས་ཀྱི་རྒྱུ་སྦྱིན་པ་རྣམས་སོ། ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།