101642

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་དག་པ་བཅུ་ (1)
Part of speech མིང་ཚིག
Definition འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ་ལས་བྱུང་བ་སྟེ། རྒྱ་ཆེན་པོ་སྦྱིན་པར་བྱེད་པ་ནི། མང་པོ་སྣ་ཚོགས་བྱེ་བྲག་གི་ཕྱིར་རོ། །མཚུངས་པར་སྦྱིན་པར་བྱེད་པ་ནི། མི་མང་མི་ཉུང་བ་ཉིད་ཀྱི་ཕྱིར་རོ། །དུས་སུ་སྦྱིན་པར་བྱེད་པ་ནི། དེ་འདོད་པའི་དུས་དང་འཚམས་པའི་ཕྱིར་རོ། །གྱ་ནོམ་པར་སྦྱིན་པར་བྱེད་པ་ནི། ཁ་དོག་ལ་སོགས་པ་ཕུན་སུམ་ཚོགས་པའི་ཕྱིར་རོ། །ཡོངས་སུ་གཙང་བ་སྦྱིན་པར་བྱེད་པ་ནི། མི་གཙང་པའི་དངོས་པོ་དག་དང་མ་འདྲེས་པའི་ཕྱིར་རོ། །ཆོས་བཞིན་དུ་སྦྱིན་པར་བྱེད་པ་ནི། ཁ་ན་མ་ཐོ་བ་མེད་པ་དང་ལྡན་པའི་ཕྱིར་རོ། །ཅི་འདོད་པ་སྦྱིན་པར་བྱེད་པ་ནི། སློང་བ་དག་གི་འདོད་པ་བཞིན་དུ་གྱུར་པའི་ཕྱིར་རོ། །ཕན་པ་སྦྱིན་པར་བྱེད་པ་ནི། དེ་དང་ཕྲད་པར་གྱུར་པའི་ཕྱིར་རོ། །གཅིག་དང་རིམ་གྱིས་སྦྱིན་པར་བྱེད་པ་ནི། སློང་མོ་བ་དེ་ལ་རྟོག་པ་ཉིད་ཀྱི་ཕྱིར་རོ། །རྒྱུན་ཆད་མེད་པར་སྦྱིན་པར་བྱེད་པ་ནི། རྒྱུན་མི་འཆད་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བའོ། །
Domain ཆོས་ལུགས།