101679

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱིན་སྲེག་གིས་སྡིག་པ་སྦྱོང་བ་ (1)
Part of speech མིང་ཚིག
Definition འདི་དང་ཚེ་དཔག་མེད་ནས་ཚེ་འདས་ཀྱི་ལས་གཙོ་བོར་བསྟན་ཅིང་ཚེ་ལྡན་ཞར་ལ་བསྟན། འཁོར་ལོས་སྒྱུར་པ་དང་། མེ་ལྟར་འབར་བ་ནས་ཚེ་ལྡན་གྱི་བྱ་བ་བསྟན་ཀྱང་། ཆོ་ག་ནི་ཁྱད་པར་མེད་གསུངས། དེ་ལ་ཡང་ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོའོ། །དེ་དག་དཀྱིལ་འཁོར་དང་འབྲེལ་ན། དཀྱིལ་འཁོར་གྱི་ནུབ་ཏུ་ཞི་བའི་ཐབ་ཁུང་བཅས་ལ་སློབ་དཔོན་གྱི་ཞལ་ཤར་དུ་བལྟ། དེ་བཞིན་དུ་ཐམས་ཅད་སྒྲུབ་པ་པོ་དཀྱིལ་འཁོར་ལ་ཕྱོགས་པར་བལྟ་བས་ལྷོར་རྒྱས་པ། ཤར་དུ་དབང་། བྱང་དུ་དྲག་པོའི་ཐབ་བཅའ་བའོ། །དེ་ལ་ཞི་བ་གཙོ་བོ་ཡིན་ལ། ལྷག་མ་གསུམ་ནི་ཅི་འགྲུབ་ཉམས་སུ་བླང་ངོ་། །དཀྱིལ་འཁོར་དང་མ་འབྲེལ་ན་ཤར་དུ་ཞི་བ། བྱང་དུ་རྒྱས་པ། ནུབ་ཏུ་དབང་། ལྷོར་དྲག་པོའི་ཐབ་བཅའ་ལ། སྒྲུབ་པ་པོའི་ཞལ་ཡང་ཞི་བ་ལ་ཤར་དུ་ཕྱོགས། གཞན་རྣམས་དེའི་འགྲེས་སོ་ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། །
Domain ཆོས་ལུགས།

{{#arraymap:སྦྱིན་སྲེག་གིས་སྡིག་པ་སྦྱོང་བ་

|; |@@@ | | }}