101707
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། རྣལ་འབྱོར་རྒྱུད། ས་སྐྱ། གོ་རིམ་ནི། ཐུགས་ཆོས་ཉིད་ལས་མ་གཡོས་ཀྱང། རྩ་བ་བྱང་སེམས་སུ་འདུས་པའི་རྟགས་སུ་རྩ་བའི་དཀྱིལ་འཁོར་གསུངས། དེ་ལྟར་བྱང་ཆུབ་ཀྱི་སེམས་སུ་འདུས་ཀྱང་ཐུགས་རྗེས་ངན་སོང་གི་རྒྱུ་འབྲས་གཞོམ་པའི་ཕྱིར་ཤཱཀྱ་ཐུབ་པའི་དཀྱིལ་འཁོར་གསུངས། དེ་ལྟར་རྒྱུ་འབྲས་བཅོམ་ཡང་གློ་བུར་གྱི་རྐྱེན་གྱིས་འཆི་བས་དེ་བཟློག་པའི་ཆེད་དུ་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་གསུངས། གློ་བུར་གྱི་རྐྱེན་གྱིས་མི་འཆི་ཡང་སྔོན་ལས་ཀྱིས་འཆི་བས་དེ་བཟློག་པའི་ཆེད་དུ་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་གསུངས། འཆི་བདག་བཅོམ་ཡང་ཕྲིན་ལས་རྣམ་བཞིའི་སྒོ་ནས་དོན་མཛད་དགོས་པས་འཁོར་ལོས་སྒྱུར་བའི་དཀྱིལ་འཁོར་གསུངས། འགྲོ་བའི་དོན་མཛད་ཀྱང་མ་རུངས་བ་འདུལ་དགོས་པས་མེ་ལྟར་འབར་བའི་དཀྱིལ་འཁོར་གསུངས། མ་རུངས་པ་བཏུལ་ཡང་དངོས་པོར་ལྟ་བ་སྲུན་ཕྱུང་དགོས་པས་རོ་སྲེག་གི་དཀྱིལ་འཁོར་གསུངས། དེ་སུན་ཕྱུང་ཡང་ཐུགས་རྗེས་ཆོས་ཉིད་ལས་མ་གཡོས་པའི་རྟགས་སུ་ཞི་བའི་སྦྱིན་སྲེག་གསུངས། དེ་ལྟར་མ་གཡོས་ཀྱི་འགྲོ་བའི་དོན་མཛད་དགོས་པས་རྒྱས་པའི་སྦྱིན་སྲེག་གསུངས། དེ་ལྟར་མཛད་ཀྱང་འཁོར་དབང་དུ་བསྡུ་དགོས་པས་དབང་གི་དཀྱིལ་འཁོར་གསུངས། དབང་དུ་བསྡུས་ཀྱང་མ་རུངས་པ་ལ་མངོན་སྤྱོན་ཀྱི་ལས་དགོས་པས་དྲག་པོའི་སྦྱིན་སྲེག་གསུངས། འཇིག་རྟེན་པའི་གནོད་པ་རྣམས་ཞི་ཞིང་འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་བསྒྲུབ་པའི་ཕྱིར་དུ་འཇིག་རྟེན་པའི་དཀྱིལ་འཁོར་དྲུག་གསུངས་སོ་ཞེས་ཀུན་མཁྱེན་གོ་རམས་པའི་རྣམ་བཤད་གཞན་ཕན་ཀུན་ཁྱབ་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:སྦྱོང་རྒྱུད་དཀྱིལ་འཁོར་གྱི་གོ་རིམ་
|; |@@@ | | }}