101708

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱོང་སྟེགས་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་རྒྱུད། ལྷོ་སྒོས་སྡིག་སྦྱོང་ཇི་ལྟར་བྱ་བའི་ཚུལ་ནི། རྒྱུད་འགྲེལ་ལས། དཀྱིལ་འཁོར་གྱི་ནི་ལྷོ་ཕྱོགས་སུ། །ཇི་ལྟར་གསུངས་པའི་རིམ་པ་ཡིས། །པདྨ་དཀར་པོ་འདབ་བརྒྱད་སྟེང་། །འཁོར་ལོ་སྔོན་པོ་རྩིབས་བརྒྱད་བྲི། །དེ་སྟེང་རྟེན་ནི་བཞག་བྱས་ལ། །ཞེས་དང། ཀུན་སྙིང་གིས། ལྷོ་སྒོ་ཡི་ནི་ས་ཡི་ཆ། །ཁྲུ་གང་པ་ལ་གྲུ་བཞི་པ། །སྟེགས་བུ་ལེགས་པར་བརྩིག་བྱས་ལ། །དེ་སྟེང་སློབ་མ་བཞག་པ་བྱ། །ཞེས་གསུངས་པའི་ཕྱིར་དང། གཞན་ཕན་ཉེར་མཁོ་ལས་ཀྱང་དེ་ལྟར་བཤད། ཅེས་དང། སྡིག་པ་སྦྱོང་བའི་རྟེན་དེའི་གདན་ཡིན་པས་ན་སྦྱོང་སྟེགས་ཞེས་བྱ། འགྲེལ་པ་ལས། འཁོར་ལོའི་ལྟེ་བས་ཉོན་མོངས་སྦྱོང། །རྩིབས་བརྒྱད་ཀྱིས་ནི་སྡུག་བསྔལ་སྦྱོང། །མཐའི་མུ་ཁྱུད་ཀྱིས་ནི་ལས་རྣམས་སྦྱོང། ལས་ཉོན་སྡུག་བསྔལ་ཀུན་འདུས་པའི་པའི་ཕྱིར་རོ། །ཞེས་གསུངས་སོ། །ལས་ཀྱི་དག་པ་དང་སྦྱར་ན། སྲིད་པ་རང་བཞིན་གྱིས་དག་པའི་ཕྱིར་པདྨ་དཀར་པོའོ། །གནས་སྐབས་སུ་འཁོར་ལོས་སྒྱུར་བ་ཐོབ་པའི་ཕྱིར་དེའི་སྟེང་དུ་འཁོར་ལོ་སྔོན་པོ། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་དེའི་སྟེང་དུ་རྟེན་བསྐྱེད་པའོ་ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། །
Domain ཆོས་ལུགས།

{{#arraymap:སྦྱོང་སྟེགས་

|; |@@@ | | }}