101712

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱོར་ (1)
Part of speech བྱ་ཚིག
Definition དངོས་པོ་གཉིས་ཕན་ཚུན་གླན་པའི་དོན།
Keyword True
Transitive བྱ་བྱེད་ཐ་དད་པ།
Future [སྦྱར།, ཡུལ་གོང་མ་མཐོང་ན་ཐལ་མོ་སྦྱར་བར་བྱ།]
Present [སྦྱོར།, ལྷུ་ལག་སྦྱོར་བྱེད་ཀྱི་འཛེར་བུ།]
Past [སྦྱར།, ཤོག་གུ་སྦྱར་གྲུབ།]
Imperative [སྦྱོར།, ཤིང་ལྕགས་སྦྱོར་ཅིག་ལྟ་བུ།]

{{#arraymap:སྦྱོར་

|; |@@@ | | }}

སྦྱོར་ (2)
Part of speech བྱ་ཚིག
Definition བྱ་དངོས་གཉིས་ཕན་ཚུན་ལྷན་གཅིག་ཏུ་སྡེབ་པའི་དོན།
Future [སྦྱར།, དྲི་བཟང་པོ་ཅན་རྣམས་མཉམ་དུ་སྦྱར་ན་བཟང་།]
Present [སྦྱོར།, སྨན་སྤོས་སྦྱོར་ཐབས་ཀྱི་ལག་ལེན།]
Past [སྦྱར།, ཚིག་སྙན་མོ་ལ་དབྱངས་ལེགས་པ་སྦྱར།]
Imperative [སྦྱོར།, ལེགས་པའི་ཕྱོགས་མཉམ་དུ་སྦྱོར་ཅིག་ལྟ་བུ།]

{{#arraymap:སྦྱོར་

|; |@@@ | | }}

སྦྱོར་ (3)
Part of speech བྱ་ཚིག
Definition གཤིབ་པ་དང་བསྡུར་བའི་དོན་ཏེ།
Future [སྦྱར།, རང་དཔེ་རོགས་ལ་སྦྱར་མི་རུང་།]
Present [སྦྱོར།, ཚིག་དོན་སྦྱོར་བཞིན་དཔྱད་པ་བཏང་།]
Past [སྦྱར།, དཔེ་དོན་སྦྱར་ནས་བལྟས།]
Imperative [སྦྱོར།, རང་ལ་དཔེ་སྦྱོར་དང་གྲོགས་པོ་ཚོ་ལྟ་བུ།]

{{#arraymap:སྦྱོར་

|; |@@@ | | }}

སྦྱོར་ (4)
Part of speech བྱ་ཚིག
Definition བསྟན་པ་དང་བཤད་པའི་དོན་ཏེ།
Future [སྦྱར།, སང་ཉིན་ངེས་པར་བརྡ་ཁྱབ་སྦྱར་དགོས།]
Present [སྦྱོར།, གསལ་བསྒྲགས་སྦྱོར་གྱིན་ཡོད།]
Past [སྦྱར།, མི་མང་ལ་བརྡ་སྦྱར་བ་ཡིན།]
Imperative [སྦྱོར།, གནས་ཚུལ་བརྡ་སྦྱོར་ཅིག་ལྟ་བུ།]

{{#arraymap:སྦྱོར་

|; |@@@ | | }}

སྦྱོར་ (5)
Part of speech བྱ་ཚིག
Definition ཕན་ཚུན་ངོ་སྤྲོད་བྱས་པའི་དོན་ཏེ།
Future [སྦྱར།, སང་ཉིན་གྲོགས་པོ་གཉིས་ངོ་སྦྱར་རྒྱུ་བྱས་ཡོད།]
Present [སྦྱོར།, ངོ་སྦྱོར་བྱེད་བཞིན་ཡོད།]
Past [སྦྱར།, མི་ངོ་ལྷ་ངོ་སྦྱར་ཟིན།]
Imperative [སྦྱོར།, གྲོགས་པོ་གྲོགས་མོ་འདི་དག་ངོ་སྦྱོར་དང་ལྟ་བུ།]

{{#arraymap:སྦྱོར་

|; |@@@ | | }}

སྦྱོར་ (6)
Part of speech བྱ་ཚིག
Definition རོགས་རམ་བྱས་པའམ་བྱིན་པའི་དོན་ཏེ།
Future [སྦྱར།, ངོ་ཤེས་མིན་ལ་མ་ལྟོས་པར་ཉམ་ཆུང་ལ་མཐུན་རྐྱེན་སྦྱར་གལ་ཆེ།]
Present [སྦྱོར།, བདག་ལ་མཐུན་རྐྱེན་སྦྱོར་མཁན་ཁོང་ཡིན།]
Past [སྦྱར།, གཞུང་གིས་མཐུན་རྐྱེན་སྦྱར་ནས་ལས་དོན་ལེགས་འགྲུབ་བྱུང་།]
Imperative [སྦྱོར།, ཤེས་ཡོན་པར་མཐུན་རྐྱེན་སྦྱོར་ཅིག་ལྟ་བུ།]

{{#arraymap:སྦྱོར་

|; |@@@ | | }}

སྦྱོར་ (1)
Part of speech མིང་ཚིག
Definition སྦྱོར་བ་དང་དངོས་གཞི་མཇུག་གསུམ་གྱི་ཡ་གྱལ་སྦྱོར་བའི་བསྡུས་མིང་།

{{#arraymap:སྦྱོར་

|; |@@@ | | }}