101717

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱོར་ཆེན་ལ་འཇུག་པའི་གནས་སྐབས་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། བྱང་ཆུབ་སེམས་ཀྱི་གནས་སྐབས་བཅུའི་ཡ་གྱལ་ཞིག་སྟེ། འདུ་ཤེས་འགྱུར་བ་དང་དོན་ལ་སྦྱོར་བའི་རྒྱུ་ལ་བརྟེན་ནས་གསང་སྔགས་མཉམ་པ་ཉིད་ཀྱི་དོན་མངོན་དུ་བྱེད་པ་ལ་སྦྱོར་བའི་ཤེས་རབ་སྦྱངས་ནས་ལྷག་པའི་སེམས་ཆེན་པོ་དེས་མཐོང་ལམ་ལ་འཇུག་པར་འགྱུར་བའི་སྐབས་ཡིན་པས་སྦྱོར་ཆེན་ལ་འཇུག་པའི་གནས་སྐབས་ཞེས་བྱ། འདིའི་སྐབས་སུ་སྦྱོར་ལམ་ས་ལྔ་པ་བསོད་ནམས་གཏེར་གྱི་སར་དཔེ་ཚེས་གཉིས་པའི་ཟླ་ཚེས་ཀྱི་སྣང་བ་ལྟ་བུར་ཆོས་ཉིད་ཀྱི་དོན་རྟོགས་པའི་འཇུག་པ་བྱང་ཆུབ་ཀྱི་སེམས་སོགས་ཐོབ་པར་གསུངས་སོ། །
Domain ཆོས་ལུགས།

{{#arraymap:སྦྱོར་ཆེན་ལ་འཇུག་པའི་གནས་སྐབས་

|; |@@@ | | }}