101719

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱོར་དྲུག་ (1)
Part of speech མིང་ཚིག
Definition ཇོ་ནང་། སྔགས། རྣལ་འབྱོར་བླ་མེད་རྒྱུད། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས་བསྟན་པའི་ལམ་བསྐྱེད་རྫོགས་གཉིས་ལས་རྫོགས་པའི་རིམ་པ་སྟེ། སོར་སྡུད། བསམ་གཏན། སྲོག་རྩོལ། འཛིན་པ། རྗེས་དྲན། ཏིང་ངེ་འཛིན་བཅས་དྲུག་རྣམས་སོ། །མིང་གི་རྣམ་གྲངས་ནི། ཟབ་ལམ་རྡོ་རྗེ་རྣལ་འབྱོར། དུས་འཁོར་སྦྱོར་དྲུག རྣལ་འབྱོར་ཡན་ལག་དྲུག སྦྱོར་བ་ཡན་ལག་དྲུག ཕྱག་རྒྱ་ཆེན་པོ་ཟབ་ལམ་རྡོ་རྗེ་རྣལ་འབྱོར། རྡོ་རྗེ་རྣལ་འབྱོར། ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་པ་རྣམས་སོ། །
Domain ཆོས་ལུགས།

{{#arraymap:སྦྱོར་དྲུག་

|; |@@@ | | }}