101720

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱོར་དྲུག་གི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། སྦྱོར་དྲུག་གི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་དགུ་བཅུ་པ་ཡིན། བརྗོད་བྱ་ནི། སྔོན་འགྲོ་དབེན་པ་གསུམ་ལྡན་ནམ་ལྟོས་མེད་བཞི་ལྡན་དང་དངོས་གཞི་སོར་སྡུད་དང་། བསམ་གཏན། སྲོག་སྲོལ། འཛིན་པ། རྗེས་དྲན། ཏིང་ངེ་འཛིན་ཏེ་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་གི་རྣལ་འབྱོར་སྒོམ་པའི་རིམ་པ་མདོར་བསྡུས་ཏེ་གསལ་བར་བསྟན་ཡོད། བརྒྱུད་རིམ་ནི། དང་པོའི་སངས་རྒྱས་ཆོས་ལོངས་སྤྲུལ་བའི་སྐུ། །ཆོས་རྒྱལ་བདུན་དང་རིགས་ལྡན་ཉི་ཤུ་ལྔ། །དུས་ཞབས་ཆེ་ཆུང་ཁ་ཆེ་ཟླ་བ་མགོན། །སྒོམ་པ་དཀོན་མཆོག་སྒྲོ་སྟོན་ཡུ་མོ་རྗེ། །ཆོས་ཀྱི་དབང་ཕྱུག་ཌཱ་ཀི་ཇོ་འབུམ་མ། །ནམ་འོད་སོ་མོ་ཆེ་པ་འཇམ་གསར་བ། །ཆོས་སྐུ་འོད་ཟེར་ཐུགས་རྗེ་བརྩོན་འགྲུས་དང་། །རྒྱལ་བ་ཡེ་ཤེས་ཡོན་ཏན་རྒྱ་མཚོའི་སྡེ། །ཀུན་མཁྱེན་དོལ་པོ་ཕྱོགས་ལས་རྣམ་རྒྱལ་ཞབས། །ཉ་དབོན་ཀུན་དགའ་འགྲུབ་ཆེན་ཀུན་སློ་བ། །འཇམ་དབྱངས་དཀོན་བཟང་ནམ་མཁའ་ཆོས་སྐྱོང་དང་། །ནམ་མཁའ་དཔལ་བཟང་ལོ་ཆེན་རཏྣའི་མཚན། །ཞེས་སོགས་དང། རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། སྒྲོལ་བའི་མགོན་པོ་རྗེ་བཙུན་འཕྲིན་ལས་དབང་། །རིན་ཆེན་རྒྱ་མཚོ་སྙིང་པོ་མཐའ་ཡས་དང་། །ཀུན་བཟང་དབང་པོ་རྣམས་ལ་གསོལ་བ་འདེབས། །ཆོས་དབྱིངས་ཆོས་འབྱོར་མཐུ་སྟོབས་དཔའ་བཟང་དང་། །ལྕགས་ཟམ་སྤྲུལ་སྐུ་བསྟན་སྐྱོང་མཁྱེན་བརྩེའི་དབང་། །ཡོན་ཏན་རྒྱ་མཚོ་འཁོར་ལོ་བདེ་ཆེན་མཚན། །སྟོབས་ལྡན་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །ཚེ་ནོར་ཆོས་འབྱོར་ཀརྨ་འགྱུར་མེད་དང་། །ཚེ་དབང་པད་སྤྲུལ་བློ་གྲོས་མཐའ་ཡས་དང་། །ངག་དབང་བློ་གྲོས་བདེ་ཆེན་རྡོ་རྗེ་དང་། །བློ་བཟང་ཕྱོགས་གླང་རྣམས་ལ་གསོལ་བ་འདེབས། །མཁྱེན་རབ་རྒྱ་མཚོ་བློ་གྲོས་རྣམ་པར་རྒྱལ། །ཡོན་ཏན་བཟང་པོ་མཁན་ཆེན་ཤེས་རབ་གསལ། །ཐུགས་རྗེ་དཔལ་བཟང་པདྨ་རྣམ་པར་རྒྱལ། །འཇིགས་མེད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །ཞེས་བྱུང་།
Domain ཆོས་ལུགས།

{{#arraymap:སྦྱོར་དྲུག་གི་ཁྲིད་

|; |@@@ | | }}