101723

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱོར་དྲུག་སྒོམ་ཚུལ་གྱི་གོ་རིམ་ངེས་པ་ (1)
Part of speech མིང་ཚིག
Definition ཇོ་ནང་། སྔགས། རྣལ་འབྱོར་བླ་མེད་རྒྱུད། དཔལ་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་གི་སྒོམ་ཚུལ་གྱི་གོ་རིམ་ངེས་པ་སྟེ། ཏིང་ངེ་འཛིན་གྱི་མི་འགྱུར་བའི་ཐིག་ལེ་སྒྲུབ་པ་ལ། རྟེན་ཐིག་ལེ་འབྱུང་ཆོས་ཤིན་ཏུ་དྭངས་མར་བྱེད་པའི་རྗེས་དྲན་སྔོན་དུ་འགྲོ་དགོས་ཏེ། དྭངས་མར་མ་གྱུར་ན་དྭངས་མ་ཆེན་པོ་སྒྲུབ་ཏུ་མེད་དེ། སྙིགས་མའི་ཁམས་དེ་ཀ་བར་དུ་གནས་སྐབས་གཞན་མ་བརྒྱུད་པར་དྭངས་མ་ཆེན་པོར་འགྲོ་བའི་ཐབས་མེད་པའི་ཕྱིར་རོ། །ཞུ་བའི་ཁམས་དྭངས་མ་དེ་འགྲུབ་པ་ལ་ཞུ་བདེ་འཛག་མེད་ཀྱི་འཛིན་པ་སྔོན་དུ་འགྲོ་དགོས་ཏེ། ཐིག་ལེ་ཕྲ་རགས་སྒོ་ཐམས་ཅད་ནས་གཏན་དུ་ལེགས་པ་ལས་སྙིགས་མ་ཉམས་ཞིང་དྭངས་མ་འཕེལ་བར་འགྱུར་གྱི་མ་ལེགས་ན་སྙིགས་མ་འཕེལ་ཞིང་དྭངས་མ་འགྲིབ་པའི་ཕྱིར་རོ། །ཐིག་ལེར་རླུང་ཐིམ་པས་ཐིག་ལེ་འཛག་མེད་འགྲུབ་པ་ཡིན་ལ། རླུང་མ་ཐིམ་ན་དེ་མི་འགྲུབ་སྟེ། རླུང་ཐིག་ལེར་ཐིམ་པར་བྱེད་པ་ལ། དབུ་མའི་རླུང་འཇམ་ཞིང་ཕྲ་བ་འབའ་ཞིག་དགོས་པས། དེ་ལ་སྟེང་འོག་ནས་རོ་རྐྱང་གི་ཤེད་བཟུང་བའི་རླུང་རྩུབ་ཅིང་གྱོང་བ་དེ་གཉིས་ཕྲ་ཞིང་འཇམ་པར་འདུལ་བའི་སྲོག་རྩོལ་སྔོན་དུ་འགྲོ་དགོས་པ་ཡིན་ཏེ། དེ་ལྟར་མ་བྱས་ན་ཐབས་གང་གིས་ཀྱང་སྲོག་ཐིག་ལེར་གཞུག་མི་ནུས་པའི་ཕྱིར་རོ། །རོ་རྐྱང་གི་རླུང་རྩུབ་པོ་འདུལ་པ་ལ། རྩ་ལམ་བྱང་ཞིང་ཡེ་ཤེས་ཀྱི་དབུ་མ་ལ་རེག་ནུས་པའི་བསམ་གཏན་སྟོང་གཟུགས་ཀྱི་རྣལ་འབྱོར་བསམ་གཏན་གྱི་རིམ་པ་སྔོན་དུ་འགྲོ་དགོས་ཏེ། གཞན་དུ་ན་དམིགས་པ་དང་བུམ་པ་ཅན་གྱི་སྦྱོར་བ་ལ་སོགས་པས་ཀྱང་ཡང་དག་པའི་ཡེ་ཤེས་ཀྱི་དབུ་མ་ལ་རེག་མི་ནུས་པས་གཟུང་འཛིན་རོ་རྐྱང་གི་སྟོབས་མི་ཉམས་པར་རླུང་རྣམས་དབུ་མས་དབང་བྱེད་པ་མི་འབྱུང་པས་སོ། །བསམ་གཏན་སྟོང་གཟུགས་ཀྱི་རྣལ་འབྱོར་སྒོམ་པ་ལ་ནི། སོ་སོར་སྡུད་པ་སྔོན་དུ་འགྲོ་དགོས་ཏེ། སོར་སྡུད་མ་བསྒོམས་ན་སྟོང་གཟུགས་མཐོང་བ་མེད་པའི་ཕྱིར་རོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།

{{#arraymap:སྦྱོར་དྲུག་སྒོམ་ཚུལ་གྱི་གོ་རིམ་ངེས་པ་

|; |@@@ | | }}