101728

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱོར་བ་དག་པའི་མན་ངག་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། སྦྱོར་བ་དག་པའི་མན་ངག་ནི། ཐབས་ལམ་གྱི་སྐབས་སུ་སྟེང་སྒོ་རླུང་ལ་བརྟན་པ་ཅུང་ཟད་ཐོབ་རྗེས་རིམ་པས་བསླབས་ཤིང་གོམས་ནས་ཅིག་ཅར་དུ་བསྒོམ་པའི་མན་ངག་བཞིའི་ཡ་གྱལ་ཏེ། ཕྱོགས་བཅུའི་མུན་སེལ་ལས། དེ་ལ་ཅུང་ཟད་བརྟན་ནས་མན་ངག་དངོས་བསྒོམ་པ་ནི། རིམ་པས་བསླབ་ཅིང་གོམས་ནས་ཅིག་ཅར་དུ་བྱ་བ་ལ་བཞི་སྟེ། ཀུན་ཏུ་བཟང་པོའི་མན་ངག་སྙིང་ལ་བསྒོམ་པ། ཀུན་ཏུ་བཟང་མོའི་མན་ངག་ལྟེ་བ་ལ་བསྒོམ་པ། སྦྱོར་བ་དག་པའི་མན་ངག་མགྲིན་པ་ལ་བསྒོམ་པ། བརྡལ་ཁྱབ་ཆེན་པོའི་མན་ངག་སྤྱི་བོ་ལ་བསྒོམ་པའོ། །ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:སྦྱོར་བ་དག་པའི་མན་ངག་

|; |@@@ | | }}