101729

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱོར་བ་དང་མཐར་ཐུག་གི་ཡན་ལག་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། རྣམ་པར་རིག་བྱེད་ཀྱི་སྨྲ་བ་དང་འབྲེལ་བའི་ལྟུང་བ་དག་ལ་གཞི་མེད་དང་བག་ཙམ་གྱི་བཀུར་འདེབས་ལ་སོགས་པ་གཞན་ལ་སྨྲས་པ་ཙམ་གྱི་ལྟུང་བར་འགྱུར་རམ་ཞེ་ན། མི་འགྱུར་ཞེས་འཆད་པ་ནི། རྣམ་པར་རིག་བྱེད་ཀྱི་སྨྲ་བ་དང་འབྲེལ་བའི་ལྟུང་བ་དག་ལ་ནི་གཞན་གྱི་དོན་གོ་བ་དངོས་གཞི་བསྐྱེད་པའི་ཡན་ལག་ཏུ་དགོས་ཏེ། དོན་མ་གོ་ན་སྦོམ་པོ་སོགས་སུ་ན་སྨད་པར་འགྱུར་བའི་ཕྱིར། ཞེས་པ་ལ། རྣམ་པར་རིག་བྱེད་ལ་ནི་དོན་གོ་བའོ། །ཞེས་པ་འདི་བྱུང། དཔེར་བརྗོད་ན། འཁྲིག་ཚིག་སྨྲ་བ་དང། བསྙེན་བཀུར་བསྔགས་པ་དང། གཞི་མེད་པ་དང། བག་ཙམ་གྱི་བཀུར་འདེབས་ཀྱི་ཚིག་རྣམས་བསམ་གཏན་ལ་སྙོམས་པར་བཞུགས་པ་དང། ལྐུག་པ་དང་འོན་པ་དག་ལ་སྨྲས་ན་སྦོམ་པོ་དང། ལྐུག་པ་དང་འོན་པ་དག་དང་ལྷན་ཅིག་མངོན་མཚན་ཅན་གྱི་སྤྱོད་པ་དང། ཉོ་ཚོང་བྱེད་པ་དང། འཐག་པ་དང་འཐག་པ་བསྐྱེད་དུ་བཞུགས་པའི་ཕྱིར་དེ་གཉིས་ལ་ལུས་ཀྱི་བརྡས་གོ་བར་བྱེད་པ་དང། དེ་གཉིས་ལ་གཞན་གྱི་སྐྱོན་ནས་སྨྲས་པ་དང། དེ་གཉིས་ལ་ཕྲ་མ་དང་སྐྱོ་སྔོགས་བྱེད་པ་དང། བུད་མེད་གཉིད་ལོག་པ་ལ་ཆོས་སྟོན་པ་དང། དེ་གཉིས་དང་ལྷན་ཅིག་བུད་མེད་གཉིད་མ་ལོག་པ་ལ་ཆོས་སྟོན་པ་དང། དེ་གཉིས་ལ་མིའི་ཆོས་བླ་མ་བརྗོད་པ་སོགས་དེ་གཉིས་དང་འབྲེལ་བར་ངག་གིས་སྨྲས་པའི་ལྟུང་བ་དུ་མ་ཞིག་ནི་ཉེས་བྱས་ཡིན་ནོ། །དོན་གོ་བའོ་ཞེས་པ་ལ་འཕྲོས། དོན་གོ་བར་ཡན་ལག་ཏུ་དགོས་ན་སྨྲ་བ་པོ་ཉིད་ལ་ཡོད་པའི་དོན་གོ་བ་དགོས་སམ་ཞེ་ན། གསོད་པ་དང། རང་དོན་དུ་བརྐུ་བ་གཉིས་ལ་ནི་དེ་མི་དགོས་སོ་ཞེས་པ་འཆད་པ་ནི། གང་ཟག་སྨྲ་བ་པོ་ཉིད་དེ་ལ་དོན་གོ་བར་ཡོད་པ་གང་ཡིན་པ་དེ་ནི་རྣམ་པར་རིག་བྱེད་ཀྱི་ལྟུང་བ་དང་དངོས་གཞིའི་ཡན་ལག་ཡིན་གྱི། སྨྲ་བ་པོ་མ་ཡིན་པ་གཞན་དག་ལ་དོན་གོ་བ་གང་ཡོད་པ་དེ་ནི་རྣམ་པར་རིག་བྱེད་ཀྱི་ལྟུང་བའི་ཡན་ལག་མ་ཡིན་ལ། འོན་ཀྱང་དེ་ནི་གསོད་པ་དང། རང་གི་དོན་དུ་བརྐུ་བ་དག་གི་ཡན་ལག་ཏུ་འགྱུར་ཞིང། དེ་ལས་གཞན་དག་ལ་ཡན་ལག་མ་ཡིན་ནོ། །ཞེས་པ་ལ། སྨྲ་བ་པོ་དོན་གོ་བར་གྱུར་ན་ལྐུག་པ་ལ་སོགས་པས་ཀྱང་སྲོག་གཅོད་དང་མ་བྱིན་ལེན་གྱི་བྱ་བ་སྒྲུབ་ནུས་པ་གང་ཞིག སྲོག་གཅོད་དང་མ་བྱིན་ལེན་ནི་གཞན་ལ་བཅོལ་བས་ཀྱང་འགྲུབ་པ་ཡིན་པས་སོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།

{{#arraymap:སྦྱོར་བ་དང་མཐར་ཐུག་གི་ཡན་ལག་

|; |@@@ | | }}