101735

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱོར་བ་པོ་རྟེན་གྱི་གང་ཟག་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཕྱི་ནང་གི་མཐུན་རྐྱེན་ཁྱད་པར་ཅན་གཉིས་དང་ལྡན་པའི་སྒོ་ནས་ཡུམ་ཉན་པའི་སྣོད་དུ་རུང་བའི་སེམས་དཔའ་དེ། སྦྱོར་བ་པོའི་རྟེན་གྱི་གང་ཟག་གི་མཚན་ཉིད། དབྱེ་ན། ཡུམ་ཉན་པའི་སྣོད། འཛིན་པའི་སྣོད། དོན་ལ་མི་བརྗེད་པར་སེམས་པའི་སྣོད། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་སྣོད་དང་བཞི། ས་མཚམས་ནི། ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་བར་ན་ཡོད་དོ་ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། ། གང་ཟག་གཅིག་ཉིད་ཀྱི་རྒྱུན་ལ་དང་པོར་ཡུམ་ཉན་པ་དང། དེ་ནས་ཚིག་བློ་ལ་ལེན་པ་དང། དེ་ནས་དོན་མི་བརྗེད་པར་འཛིན་པ་སྟེ། གསུམ་ནི་མཁྱེན་གསུམ་ལ་ཐོས་པ་བྱེད་པའི་གང་ཟག་ཡིན་ལ། དེ་ནས་ཚུལ་བཞིན་ཡིད་ལ་བྱེད་པ་ནི་རྣམ་པ་བརྒྱ་དང་བདུན་ཅུ་རྩ་གསུམ་དུ་བསྡུས་ནས་སེམས་པར་བྱེད་པའི་བསམ་བྱུང་གི་གང་ཟག་ཡིན་པས་དེས་སྦྱོར་བ་སྒོམ་པ་ལ་འཇུག་པ་ཡིན་ནོ། །མདོར་ན་འདིར་བསྟན་གྱི་གང་ཟག་དང་པོ་གསུམ་ནི་སྐབས་དང་པོ་གསུམ་དུ་བསྟན་པའི་མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ་པའི་གནས་སྐབས་ཡིན་ལ། བཞི་པ་ནི། དེ་དག་རྣམ་པར་བསྡུ་པའི་གནས་སྐབས་ཡིན་པས་ད་དུང་སྦྱོར་བའི་ཡོན་ཏན་དང། སྐྱོན་དང་མཚན་ཉིད་གཏན་ལ་དབབ་པ་ལ་འཇུག་པར་བྱ་དགོས་སོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། །
Domain ཆོས་ལུགས།

{{#arraymap:སྦྱོར་བ་པོ་རྟེན་གྱི་གང་ཟག་

|; |@@@ | | }}