101738
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕལ་ཆེན་ལེའུ་ཉི་ཤུ་པ་བྱང་ཆུབ་སེམས་དཔའི་རྣམ་པར་དགོད་པ་བསྟན་པ་ལས་བྱུང་བ་སྟེ། དགེ་བའི་རྩ་བ་རྩོམ་པ་ཐམས་ཅད་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པའི་ཕྱིར་རྩོམ་མོ། །སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་རྩོམ་མོ། །སེམས་ཅན་ཐམས་ཅད་ཡོངས་སུ་དགྲོལ་བར་བྱ་བའི་ཕྱིར་རྩོམ་མོ། །སེམས་ཅན་ཐམས་ཅད་སྙིང་བརྩེ་བའི་ཕྱིར་རྩོམ་མོ། །སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རྩོམ་མོ། །སེམས་ཅན་ཐམས་ཅད་ལ་གནོད་པ་མེད་པར་བྱ་བའི་ཕྱིར་རྩོམ་མོ། །སེམས་ཅན་ཐམས་ཅད་དྲང་བའི་ཕྱིར་རྩོམ་མོ། །སེམས་ཅན་ཐམས་ཅད་དང་བར་བྱ་བའི་ཕྱིར་རྩོམ་མོ། །སེམས་ཅན་ཐམས་ཅད་གདུལ་བར་བྱ་བའི་ཕྱིར་རྩོམ་མོ། །སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར་རྩོམ་མོ། ། |
| Domain | ཆོས་ལུགས། |