101740
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | འཕགས་པ་ག་ཡ་མགོའི་རི་མདོ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྦྱོར་བ་བཅུ་སྟེ། ཕ་རོལ་ཏུ་ཕྱིན་པའི་སྦྱོར་བ། བསྡུ་བའི་དངོས་པོའི་སྦྱོར་བ། ཤེས་རབ་ཀྱི་སྦྱོར་བ། ཐབས་ཀྱི་སྦྱོར་བ། སྙིང་རྗེ་ཆེན་པོའི་སྦྱོར་བ། བསོད་ནམས་ཀྱི་ཚོགས་ཡོངས་སུ་འཚོལ་བའི་སྦྱོར་བ། ཡེ་ཤེས་ཀྱི་ཚོགས་ཡོངས་སུ་འཚོལ་བའི་སྦྱོར་བ། བསམ་པ་རྣམ་པ་དག་པའི་སྦྱོར་བ། བདེན་པ་རྣམ་པར་དཔྱད་པའི་སྦྱོར་བ། སྡུག་པ་དང་མི་སྡུག་པ་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པའི་སྦྱོར་བའོ། ། |
Domain | ཆོས་ལུགས། |
{{#arraymap:སྦྱོར་བ་བཅུ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་སྟེ། ༡ འདི་ལྟར་རྣམ་པར་སྨིན་པ་ལ་རེ་བ་མེད་པར་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པའི་སྦྱོར་བ། ༢ གཞན་ལ་བརྙས་པ་མེད་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་དང་། བསླབ་པ་དང་། སྦྱངས་པའི་ཡོན་ཏན་དང་། སྡོམ་པ་དང་། བརྟུལ་ཞུགས་པ་དང་། དཀའ་ཐུབ་ཐམས་ཅད་དུ་ཡི་དམ་བཅས་པ་ལ་ནན་ཏན་བྱེད་པའི་སྦྱོར་བ། ༣ བདག་དང་ཕ་རོལ་གྱི་འདུ་ཤེས་མེད་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནོད་སེམས་ཀྱི་ཐ་བ་དང་གསེ་བ་ཐམས་ཅད་རན་པ་གཟོན་ཅིང་། སེམས་ཅན་གྱིས་ངན་དུ་བྱས་པ་ཐམས་ཅད་བཟོད་པའི་སྦྱོར་བ། ༤ ལུས་དང་། ངག་དང་། སེམས་ཡང་དག་པར་བསྐུལ་བས་བརྩམས་པ་ཐམས་ཅད་མཐར་ཕྱིན་པར་བྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་བརྩམས་པ་ཐམས་ཅད་ལས་ཕྱིར་མི་ལྡོག་པའི་སྦྱོར་བ། ༥ འདོད་པ་འཁྲུགས་པ་དང་། ཉོན་མོངས་པའི་གཡོག་འཁོར་ཡོངས་སུ་སྤོང་བས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། མངོན་པར་ཤེས་པ་ཐམས་ཅད་མངོན་པར་སྒྲུབ་པའི་སྦྱོར་བ། ༦ བསོད་ནམས་བསགས་པ་ཐམས་ཅད་ལ་སྐྱོ་བ་མེད་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ནན་ཏན་གྱི་སྦྱོར་བ། ༧ སེམས་ཅན་མེད་པ་ལ་ཞུགས་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་ཆེན་པོའི་སྦྱོར་བ། ༨ ཆོས་ཐམས་ཅད་རང་བཞིན་གྱིས་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཚོ་བ་ཐམས་ཅད་ཀྱི་སྡུག་བསྔལ་རང་གི་ལུས་ཀྱིས་ལེན་པའི་སྙིང་རྗེ་ཆེན་པོ་ལས་ཕྱིར་མི་ལྡོག་པར་སྦྱོར་བ། ༩ ཆགས་པ་མེད་པར་ཁོང་དུ་ཆུད་པས་འགྲོ་བ་ཐམས་ཅད་ཡང་དག་པར་སྟོན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་བཅུ་རྣམ་པར་འཚང་རྒྱ་བའི་སྦྱོར་བ། ༡༠ སེམས་ཅན་གཞན་གྱི་གན་དུ་ཕྱིན་པར་བྱེད་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་ལས་ཕྱིར་མི་ལྡོག་པའི་སྦྱོར་བའོ། ། |
{{#arraymap:སྦྱོར་བ་བཅུ་
|; |@@@ | | }}