101745

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱོར་བ་བརྒྱ་པ་ (1)
Part of speech མིང་ཚིག
Definition འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་མཛད་པའི་སྦྱོར་བ་བརྒྱ་པ། བལ་པོའི་པཎྜི་ཏ་ཆེན་པོ་བྲམ་ཟེ་ཛེ་ཏ་ཀརྞའི་ཞལ་སྔ་ནས་དང་པོ་རྩ་འགྲེལ་ལན་ཅིག་གསུངས་ཤིང༌། དུས་ཕྱིས་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་བུངྔྷ་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས་སྟོད་ཅུང་ཟད་གསུངས་ནས། ཆེན་པོ་རྣམས་ཀྱི་གདན་ས་དཔལ་ཤེར་གྱི་གཙུག་ལག་ཁང་དུ་དགེ་སློང་ཨ་མོ་གྷའི་གསུང་གིས་བསྐུལ་ནས། མང་དུ་ཐོས་པའི་ལོཙྪ་བ་ཤཱཀྱའི་དགེ་སློང་དཔལ་ཉི་མ་རྒྱལ་མཚན་པོས་འགྲེལ་པ་གསུམ་དང་བསྟུན་ཏེ་བསྒྱུར་ཞིང་ལེགས་པར་གཏན་ལ་ཕབ། བུ་སྟོན་དཀར་ཆག་དང་། པེ་ཅིང་། སྣར་དཀར་ཆག་ཏུ་པཎྜི་ཏ་བུདྡྷ་ཤྲཱི་ཛྙ་ན་དང་། ལོ་ཙཱ་བ་ཉི་མ་རྒྱལ་མཚན་དཔལ་བཟང་པོའི་འགྱུར་ཞེས་འཁོད། བསྟན་འགྱུར་གསོ་རིག་པ་ཧ་པར་བཞུགས།

{{#arraymap:སྦྱོར་བ་བརྒྱ་པ་

|; |@@@ | | }}

སྦྱོར་བ་བརྒྱ་པ་ (2)
Part of speech མིང་ཚིག
Definition ཁྱབ་འཇུག་གི་མིང་སྟེ། འདིས་འཇིག་རྟེན་གྱི་བྱ་བ་སྒྲུབ་པ་ལ་འཇུག་པ་བཅུ་སོགས་སྤྲུལ་ནས་བྱེེད་པས་སོ། །
Type མངོན་བརྗོད།

{{#arraymap:སྦྱོར་བ་བརྒྱ་པ་

|; |@@@ | | }}