101746

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱོར་བ་བསྟན་པ་རྣམ་བཅོ་ལྔ་ (1)
Part of speech མིང་ཚིག
Definition འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ་ལས་བྱུང་བ་སྟེ། ༡ གང་གི་དོན་དུ་སྦྱོར་བ། ༢ མཆོག་གི་གནས་ལ་སྦྱོར་བ། ༣ བླ་མའི་ས་ལ་རྗེས་སུ་འཇུག་པའི་སྦྱོར་བ། ༤ ཆོས་ཐམས་ཅད་ལ་དབང་བསྒྱུར་བའི་ཕྱིར་སྦྱོར་བ། ༥ སངས་རྒྱས་ཀྱི་ཚུལ་རྟོགས་པའི་ཕྱིར་སྦྱོར་བ། ༦ མི་དགེ་བ་ལས་དབྱུང་བའི་ཕྱིར་སྦྱོར་བ། ༧ ཁ་ན་མ་ཐོ་བ་བཤགས་པའི་ཕྱིར་སྦྱོར་བ། ༨ དགེ་བ་ལ་འཇུག་པའི་ཕྱིར་སྦྱོར་བ། ༩ བྱང་ཆུབ་ཀྱི་ཚོགས་ཀྱི་ཕྱིར་སྦྱོར་བ། ༡༠ ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་སྦྱོར་བ། ༡༡ བསྟན་པ་བཟུང་བའི་ཕྱིར་སྦྱོར་བ། ༡༢ དམ་པ་དག་པ་དང་མཐུན་པའི་ཕྱིར་སྦྱོར་བ། ༡༣ ཁ་འོག་ཏུ་ལུས་འཁྲུས་པའི་ཕྱིར་སྦྱོར་བ། ༡༤ གོ་ཆའི་བསམ་པ་བརྟན་ཅིང་མི་གཡོ་བའི་ཕྱིར་སྦྱོར་བ། ༡༥ གཞན་གྱི་དོན་དང་ཕན་པ་ལ་སྦྱོར་བ་བཅས་སོ། །
Domain ཆོས་ལུགས།

{{#arraymap:སྦྱོར་བ་བསྟན་པ་རྣམ་བཅོ་ལྔ་

|; |@@@ | | }}