101747

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱོར་བ་བྱང་ཆུབ་ཀྱི་སེམས་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། བྱང་ཆུབ་ཀྱི་སེམས་བཅུའི་ཡ་གྱལ་ཞིག་སྟེ། བསླབ་པའི་མཐའ་བཅུ་ལ་འབད་པས་གསང་སྔགས་གཉིས་མེད་ལ་སྦྱོར་བའི་ཕྱིར་སྦྱོར་བ་བྱང་ཆུབ་ཀྱི་སེམས་ཞེས་བྱ། སེམས་འདི་ནི་སྦྱོར་ལམ་ས་བཞི་པ་བསླབ་པ་རྒྱུན་གྱི་སར་དཔེ་ཚེས་གཅིག་གི་ཟླ་ཚེས་ཀྱི་སྣང་བ་ལྟ་བུར་ཆོས་ཉིད་ཀྱི་དོན་རྟོགས་པའི་རིག་པ་བྱང་ཆུབ་ཀྱི་སེམས་ཡིན་ཞིང་། དེ་ནི་གནས་སྐབས་བཅུ་ལས་འདུ་ཤེས་འགྱུར་བའི་གནས་སྐབས་སུ་ཐོབ་པར་གསུངས་སོ། །
Domain ཆོས་ལུགས།

{{#arraymap:སྦྱོར་བ་བྱང་ཆུབ་ཀྱི་སེམས་

|; |@@@ | | }}